༄༅།།བོད་ཀྱི་གཞས་པ་བློ་བསྟན་རྣམ་གླིང་ལགས་རྒྱ་གར་གྱི་ས་ཁུལ་གང་སར་བསྐྱོད་དེ་བོད་ཀྱི་སྲོལ་རྒྱུན་བླ་མ་མ་ཎི་བ་ཁག་གཅིག་དང་འབྲེལ་བ་གནང་ཐུབ་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་སྲོལ་རྒྱུན་གཞས་གཏོང་མཁན་ཁག་ཅིག་དང་མཉམ་ལས་གནང་བཞིན་ཡོད་པ་རེད།
གཟའ་འཁོར་འདིའི་ལས་རིམ་ལ་ཐེངས་འདིའི་ཁོང་གི་རྒྱ་གར་གྱི་སྐོར་བསྐྱོད་འདིའི་དམིགས་ཡུལ་དང་གལ་གནད། སྐོར་བསྐྱོད་འདི་ལས་ཁོང་སྒེར་ལ་ཉམས་མྱོང་གསར་བ་དེ་འདྲ་ག་རེ་བྱུང་བའི་ཐད་ལ་གླེང་མོལ་ཞུ་གི་ཡིན།