རྒྱ་ནག་སློབ་གསོ་ལྷན་ཁང་གིས་རྒྱ་ནག་གི་སློབ་ཆེན་སྐད་གྲགས་ཆེ་ཤོས་གྲས་ཧྥུ་དན་སློབ་གྲྭ་ཆེན་མོའི་རྩ་འཛིན་ལ་བསྒྱུར་བཅོས་བཏང་ཏེ། སློབ་གྲྭའི་ཁྲིམས་སྲོལ་ནང་ནས་རང་དབང་གི་ཚིག་དོན་ཁག་ནག་བསུབ་བཏང་ཞིང་། དེའི་ཚབ་ལ་རྒྱ་ནག་དམར་ཤོག་གཞུང་གི་སྲིད་ཇུས་དང་བསྟུན་པའི་དམར་པོའི་ལྟ་བ་དང་རྒྱལ་ཞེན་རིང་ལུགས་ཀྱི་ཚིག་དོན་ཁ་སྣོན་བྱས་ཡོད་པ་རེད། སློབ་མ་ཚོས་སློབ་གླིང་དེའི་ཆེད་དོན་གླུ་དབྱངས་མཉམ་ལེན་གྱིས་སློབ་གྲྭའི་ཐག་གཅོད་ལ་ངོ་རྒོལ་གྱི་རྣམ་པ་སྟོན་བཞིན་པ་བཅས་ཀྱི་སྐོར། ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་རྒྱུ་རེད།