ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཊམ་ལ་ཉེས་འཛུགས་སྙན་ཐོ།


ཨ་མི་རི་ཀའི་དམངས་གཙོ་སྲིད་དོན་ཚོགས་པས་བཏང་འཛིན་བྱེད་པའི་གྲོས་ཚོགས་འོག་མས་སྲིད་འཛིན་ཌོ་ནལ་ཊམ་གྱིས་དབང་ཆ་བེད་སྤྱོད་ལོག་པར་བཏང་སྟེ། ཁོང་ལ་༢༠༢༠་ལོའི་ཨ་རིའི་འོས་འདེམས་སྐབས་སུ་ཁེ་ཕན་འཐོབ་རྒྱུའི་ཆེད་དུ་ཕྱིའི་རྒྱལ་ཁབ་ལ་ཐེ་ཇུས་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་ཉེས་པ་ཁ་གསལ་བྱུང་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པར་མ་ཟད། གྲོས་ཚོགས་འོག་མའི་ཁྲིམས་དོན་ལས་དོན་ཚོགས་ཆུང་ལ་ཕུལ་བའི་རྗེས་སུ་ཚོགས་ཆུང་དེས་སྲིད་འཛིན་ཊམ་ལ་ཁྲིམས་སྦྱོར་ཞིབ་འཇུག་གི་གསན་ཞིབ་ཁག་འགོ་ཚུགས་རེད། ཡིན་ནའང་སྤྱི་མཐུན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་གྱིས་ཁྲིམས་འགལ་བྱས་པའི་དཔང་རྟགས་ཁ་གསལ་ཞིག་མི་འདུག་ཅེས་དག་སྐྱེལ་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG