ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༤/༢༥

སྲིད་འཛིན་ཊམ་གྱིས་ཧོང་ཀོང་གི་ཁྲིམས་ཡིག་ལ་མཚན་རྟགས་བཀོད།


༄༅།། བདུན་ཕྲག་སྔོན་མར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་སྤྱི་མོས་ཀྱི་སྒོ་ནས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོར་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་ཅིང་། ཕྱི་ཟླ་༡༡་པའི་ཚེས་༢༧་གྱི་དགོང་མོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཧོང་ཀོང་གི་ཁྲིམས་གཞི་དེར་རྒྱབ་སྐྱོར་གྱི་གྲོས་མཚན་རྟགས་བཀོད། ད་ནས་བཟུང་སྟེ་ལོ་ལྟར་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་ཚད་ལྡན་གྱི་རང་སྐྱོང་ཐོབ་ཐང་སྤྲོད་ཀྱི་ཡོད་མེད་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཞིབ་འཇུག་བྱ་དགོས། གལ་སྲིད་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་ལ་རྩིས་མེད་གཏོང་གི་ཡོད་ན་ཨ་མི་རི་ཀས་ཧོང་ཀོང་ལ་དམིགས་བསལ་ཚོང་ལས་ཀྱི་གནས་བབ་ཅིག་སྤྲོད་ཀྱི་ཡོད་པ་ཕྱིར་བསྡུ་བྱ་དགོས། ཧོང་ཀོང་གི་རང་དབང་དང་དམངས་གཙོའི་ཐོབ་ཐང་བཅས་ལ་རྡོག་བརྫིས་གཏོང་མཁན་རྒྱ་གཞུང་གི་འབྲེལ་ཡོད་ལས་སྣེ་ཚོར་ཨ་མི་རི་ཀས་ཚོང་ལས་དང་དཔལ་འབྱོར། འགྲིམ་འགྲུལ་བཀག་སྡོམ་བཅས་ཀྱི་ཉེས་ཆད་གཅོད་དགོསཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཧོང་ཀོང་ས་གནས་གཞུང་ལ་མཆི་སྦྱིན་དུག་རླངས་དང་གཡེར་ཆུ། འགྱིག་གི་མདེའུ་སོགས་ངོ་རྒོལ་ལས་འགུལ་ཁག་ལ་འགོག་སྡོམ་བྱེད་པར་མཁོ་ངེས་ཀྱི་ཡོ་བྱད་རྣམས་ཕྱིར་ཚོང་བྱེད་མི་ཆོག་ཅེས་ཧོང་ཀོང་གི་ཁྲིམས་ཡིག་དེར་བཀོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


སྲིད་འཛིན་ཌོ་ནལ་ཊམ་གྱིས་ཧྥོཀ་སི་གསར་འགྱུར་ལས་ཁང་ལ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ངའི་གྲོགས་པོ་ཡིན། ཁོ་པ་མི་ངོ་མཚར་ཅན་ཞིག་རེདངས་སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱ་ནག ཧོང་ཀོང་མི་དམངས་བཅས་གུས་ཞབས་ཞུས་ནས་ཁྲིམས་ཡིག་དེ་ཚོར་མིང་རྟགས་བཀོད་པ་ཡིན། རྒྱ་ནག་གི་འགོ་ཁྲིད་ཚོ་དང་ཧོང་ཀོང་གི་སྐུ་ཚབ་ཚོས་མཛའ་མཐུན་གྱི་སྒོ་ནས་ཕྱོགས་གཉིས་མི་མཐུན་པའི་འགལ་ཟླ་ཡོད་པ་རྣམས་སེལ་ཐབས་བྱ་དགོས། ངས་ཀུན་གྱི་འཕྲལ་ཡུན་བདེ་ཐབས་དང་ཡར་རྒྱས་བཅས་ལ་བསམ་བློ་བཏང་ནས་ཁྲིམས་ཡིག་དེར་མིང་རྟགས་བཀོད་པ་ཡིན་ཞེས་བཤདའོན་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཐེངས་གཉིས་ལ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཁག་ཟིང་འཁྲུག་རེད་ཅེས་སྐྱོན་བརྗོད་བྱས་མྱོང་ཡོད་ཅིང་། དེར་བརྟེན་ཧོང་ཀོང་གི་ངོ་རྒོལ་བ་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱི་རྗོད་ཚིག་བཀོལ་སྟངས་ནི་རྒྱ་ནག་གི་འགོ་ཁྲིད་ཚོའི་མངོན་འདོད་ལྟར་གྱུར་སོང་ཞེས་དགག་པ་བརྒྱབ། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཧོང་ཀོང་ལ་དམག་ས་ཡ་གཅིག་གཏོང་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་པ་ངས་བཀག་པ་ཡིན། རྒྱ་ནག་གིས་ངོ་མར་ཧོང་ཀོང་ལ་དམག་ས་ཡ་གཅིག་བཏང་བ་ཡིན་ན་ང་ཚོ་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ལ་ཤུགས་རྐྱེན་ཧ་ཅང་ངན་པ་ཞིག་ཐེབས་ངེས་རེད་ཅེས་བཤད།

ད་ལོའི་ཕྱི་ཟླ་༦་ནང་དུ་ཧོང་ཀོང་གཞུང་གིས་མངའ་ཁུལ་དེར་རྒྱ་ནག་ནས་བྲོས་བྱོལ་དུ་ཡོང་བའི་ཁྲིམས་བྱོལ་བའམ། ཡང་ན་དོགས་ཅན་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཆོག་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་གྲོས་གཞི་བཏོནཧོང་ཀོང་མི་མང་ས་ཡ་མང་པོས་གྲོས་གཞི་དེར་ངོ་རྒོལ་ཁྲོམ་སྐོར་བྱས་པས་ཁ་སྔོན་ཕྱི་ཟླ་༩་ནང་དུ་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་གཞི་དེ་ཕྱིར་བསྡུ་བྱས་ཀྱང་མི་མང་གི་ངོ་རྒོལ་ལས་འགུལ་རྒྱུན་བསྐྱངསཧོང་ཀོང་མི་མང་གིས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་ཁུལ་དེའི་རང་དབང་དང་དམངས་གཙོ། ཧོང་ཀོང་ལ་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ལམ་ལུགས་ཤིག་དར་ཡོད་པ་དང་རང་སྐྱོང་གི་ཐོབ་ཐང་ཆེན་པོ་ཡོད་པ་རྣམས་རྒྱ་ནག་གཞུང་གིས་རིམ་བཞིན་མེད་པར་གཏོང་སྲིད་པའི་དོགས་ཟོན་གྱིསངོ་རྒོལ་ལས་འགུལ་རྒྱུན་བསྲིངསམི་ཁག་ཅིག་གིས་ངོ་རྒོལ་ལས་འགུལ་དུས་སུ་དྲག་ཟིང་བསླངསདཔེར་ན་ན་གཞོན་ངོ་རྒོལ་བ་ཁག་ཅིག་གིས་རྡོ་དང་སོ་ཕག འགྱིག་མདའ་དང་ས་སྣུམ་གྱི་འབར་མདེལ་སོགས་ཀྱིས་ཉེན་རྟོག་པར་ཕར་རྒོལ་བྱས་པ་དང་ཧོང་ཀོང་གི་ཉེན་རྟོག་པས་མེ་མདའ་དང་ཆུ་མདའ། མཆི་སྦྱིན་དུག་རླངསའགྱིག་གི་མདེའུགློག་རྒྱུག་གིས་རྡུང་རྡེག་བཏང་ནས་རྒོལ་ལན་སློག ཧོང་ཀོང་གི་ཉེན་རྟོག་པ་རེ་ཟུང་གིས་མི་ཚོགས་ཁྲོད་དུ་འཕྲུལ་རྟ་བཏང་ནས་བརྒྱུགས་ཏེ་ངོ་རྒོལ་བ་ཚོར་རྡུང་ཁ་བརྒྱབ

ཕྱི་ཟླ་༡༡་པའི་ཚེས་༢༨་ཉིན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཚོས་ཨ་མི་རི་ཀར་མིག་དཔེ་ལྟོས། འཛམ་གླིང་རྒྱལ་ཁབ་གཞན་རྣམས་ཀྱང་ཨ་རིའི་རྗེས་སུ་འབྲངས་ནས་འདྲ་མཚུངས་ཀྱི་ཁྲིམས་ཡིག་གཏན་འབེབས་བྱ་དགོས། ཧོང་ཀོང་གི་རྒྱབ་རྩར་ལོངས་ཤོག་ཅེས་སྐད་འབོད་བྱས་པ་དང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་འགོ་ཁྲིད་ཇཱོ་ཤི་ཝ་ཝང་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཧོང་ཀོང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ལ་མཚན་རྟགས་བཀོད་པ་ནི་གྲུབ་འབྲས་ཆེན་པོ་ཞིག་ཡིན། འདི་ནི་རྒྱ་ནག་དང་ཨ་མི་རི་ཀའི་གནད་འགག་ཅན་གྱི་ཚོང་དོན་གྲོས་མོལ་བྱེད་ཀྱི་ཡོད་པའི་མཚམས་འདིར་འགྲོ་བ་མིའི་ཐོབ་ཐང་ལ་ཐོབ་པའི་རྒྱལ་ཁ་ཆེན་པོ་ཞིག་རེད། ད་ལྟ་དབྱིན་ཇི་དང་ནུབ་ཕྱོགས་རྒྱལ་ཁབ་གཞན་ཁག་ཀྱང་ཨ་མི་རི་ཀའི་རྗེས་སུ་འབྲང་རྒྱུའི་རེ་བ་ཡོད། ང་སྐར་འཕྲིན་བརྒྱུད་ནས་ཨི་ཊི་ལིའི་གྲོས་ཚོགས་འཐུས་མིའི་བགྲོ་གླེང་ཞིག་ལ་མཉམ་ཞུགས་བྱེད་ཀྱི་ཡོད། འཛམ་གླིང་རྒྱལ་ཁབ་ཁག་ཧོང་ཀོང་གི་རྒྱབ་རྩར་ལང་དགོས་པའི་དུས་ལ་བབས་ཡོད་ཅེས་གསར་འགོད་པ་ཚོར་བཤད། ཧོང་ཀོང་གི་ལས་འགུལ་བ་དང་ལས་ཁུངས་ཁག་གི་ལས་བྱེད་པ་ཁག་ཅིག་གིས་འདི་ནི་དམངས་གཙོའི་འགྲོ་ལུགས་ཡིན་ཞེས་སྐད་འབོད་བྱས་པར་མ་ཟད། མི་ཁག་ཅིག་གིས་ཨ་མི་རི་ཀས་ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་ལ་དཔལ་འབྱོར་དང་ཚོང་ལས། འགྲིམ་འགྲུལ་བཀག་སྡོམ་གྱི་ཉེས་ཆད་གཅོད་དགོས་ཞེས་སྐད་བརྒྱབ ཧོང་ཀོང་གི་ངོ་རྒོལ་བ་གཅིག་གིས་སྲིད་འཛིན་ཌོ་ནལ་ཊམ་བཀའ་དྲིན་ཆེ། ཉེས་ཆད་ཐོག་དང་པོར་གཅོད་དགོས་ས་དེ་ཁེ་རི་ལམ་ཡིན་ཞེས་ཡིག་བྱང་ཞིག་བཟུང་ཡོད་པ་རེད།

ད་ལོའི་ཕྱི་ཟླ་༦་པ་ནས་ད་ལྟའི་བར་དུ་ཧོང་ཀོང་གཞུང་གིས་མི་མང་ངོ་རྒོལ་བ་སྟོང་ཕྲག་༥་ལྷག་འཛིན་བཟུང་བྱས་ཤིང་། ༡༩༩༧་ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་བདག་དབང་རྩིས་བླངས་ནས་བཟུང་། ༢༠༡༩་ལོར་འདིར་ཧོང་ཀོང་ལ་ཟླ་བ་༦་མ་ཟིན་ཙམ་གྱི་རིང་དེར་ངོ་རྒོལ་ལས་འགུལ་ལངས་པ་འདི་འདྲ་ཞིག་སྔོན་ཆད་བྱུང་མྱོང་མེདགཟའ་ཕུར་བུ་འདིར་ཧོང་ཀོང་གི་ཉེན་རྟོག་པ་ཚོས་ངོ་རྒོལ་བ་རྣམས་འདུ་འཛོམས་བྱ་ཡུལ་ཧོང་ཀོང་སློབ་གྲྭ་ཆེན་མོར་གཙང་སྦྲ་བྱས་ནས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཁག་མཇུག་བསྡུས་ཡོད་པའི་རྣམ་པ་ཞིག་མངོན་མོདད་དུང་ཡང་མི་མང་ངོ་རྒོལ་བ་ཚོས་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པའི་ཁོངས་ནས་དོན་ཚན་བཞི་ཧོང་ཀོང་གཞུང་གི་བསྒྲུབ་མེད ཧོང་ཀོང་གི་ངོ་རྒོལ་བ་ཚོས་ལོ་འདིའི་ངོ་རྒོལ་ལས་འགུལ་ཁག་ལ་ཟིང་འཁྲུག་ཅེས་ཉེས་མིང་འདོགས་མི་ཆོག ཧོང་ཀོང་གི་ཉེན་རྟོག་པས་མི་མང་ངོ་རྒོལ་བ་ཚོར་དྲག་གནོན་ཚབས་ཆེན་བྱས་པར་རང་བཙན་གྱི་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་བྱ་དགོས། ཁ་སྔོན་ཕྱི་ཟླ་༦་ནས་ཧོང་ཀོང་གཞུང་གིས་འཛིན་བཟུང་བྱས་པའི་ངོ་རྒོལ་ལས་འགུལ་བ་ཚོ་ཉེས་ཡངས་བཏང་ནས་གློད་གྲོལ་གཏོང་དགོས། ཧོང་ཀོང་གི་སྤྱི་ཁྱབ་དང་གྲོས་ཚོགས་འཐུས་མི་རྣམས་མངའ་ཁུལ་དེའི་མི་དམངས་ལ་དམངས་གཙོའི་ལམ་ནས་ཐད་ཀར་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་དགོས་འདུན་བཏོན་ཡོད་པ་རྣམས་བསྒྲུབས་མེདདེས་ན་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདི་རྐྱེན་ཕྲ་མོ་ཞིག་གིས་ཀྱང་བསྐྱར་དུ་སློང་སྲིད་པའི་ཉེན་ཀ་ཡོད་པ་རེད།

XS
SM
MD
LG