ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ནི་དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་དོསྣང་བྱེད་བཞིན་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར། ལོ་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའིགནམ་འགྱུར་ལྡོག་གི་ཚོགས་ཆེན་དེ་སྤྱི་ཟླ་༡༢པའི་ཚེས་༢་ནས་ཚེས་༡༣བར་དུ་སི་པེན་གྱི་རྒྱལ་ས་མཱེ་ཌི་རི་ཌེ་གྲོང་ཁྱེར་དུ་འཚོགས་འཆར་ཡོད་ཅིང་། ཚོགས་ཆེན་འདི་མ་ཚོགས་པའི་སྔོན་་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚན་པའི་འགན་འཛིན་ཨིན་གྷིར་ཨན་བྷིར་སིན་གྱིས་གཟའ་མིག་དམར་ཉིནདྲོད་ཁང་གིརླངས་རྫས་ཕྱི་ལ་ཁྱབ་ནས་གནོད་འཚེ་འབྱུང་གི་ཡོད་པ་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱིས་གང་མགྱོགས་ཉུང་དུ་གཏོང་དགོས་ཞེས་འབོད་སྐུལ་ཞུས་འདུག

ཁོང་གིས་རྒྱལ་ཁབ་མང་པོས་མུ་མཐུད་དུ་དུས་ཚོད་ཡུན་རིང་པོར་ནར་འགྱངས་བཏང་ན་ང་ཚོས་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་སའི་གོ་ལའི་ཚ་དྲོད་མཐོ་རུ་འགྲོ་བཞིན་པར་ཚོད་འཛིན་བྱ་རྒྱུའི་དམིགས་ཡུལ་འགྲུབ་ཐུབ་རྒྱུ་་རེད་ཅེས་བཤད ད་ལོ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཆགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སུ་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་དམིགས་པའིགནམ་གཤིས་ཀྱི་ཆེད་དུ་ལས་འགུལ་རྩ་རྒྱུའི་ཚོགས་ཆེན་ཞིག་ཚོགས། ཚོགས་ཆེན་དེར་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་༧༧་གྱི་གོ་ཁྲིད་ཚོ་ཐུན་མོང་གིས་མ་འོངས་འི་སྤྱི་ལོི་༢༠༥༠་མི་འགྱངས་པར་དྲོད་ཁང་གི་གནོད་ཚབས་ཅན་གྱི་རླངས་རྫས་ཕྱི་ལ་གཏོང་གི་ཡོད་པ་རྣམས་རྩ་མེད་བཟོ་ཐུབ་རྒྱུའི་ཁྱབ་བསྒྲགས་བྱས་མོདའོན་ཀྱང་འཛམ་གླིང་གི་དྲོད་ཁང་གནོད་ཚབས་ཅན་གྱི་རླངས་རྫས་ཕྱི་ལ་གཏོང་ཚད་ཆེས་མང་བའི་རྒྱལ་ཁབ་རེ་ཟུང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཁག་ལ་མཉམ་ཞུགས་བྱེད་ཀྱི་མེད་པ་རེད།

ད་ལོའི་ཚོགས་ཆེན་སྟེང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཛ་དྲག་ཅན་ཞིག་ལ་འགྱུར་བཞིན་པ་ནི་ང་ཚོརྒྱལ་ཁ་འཐོབ་མི་ཐུབ་པའི་འཐབ་རྩེད་ཅིག་ཏུ་འགྱུར་བཞིན་འདུག་ཀྱང་ང་ཚོས་འབད་བརྩོན་བྱས་པ་ཡིན་ན་རྒྱལ་ཁ་ཐོབ་ཆོག་པའི་འགྲན་རྩོད་ཞིག་ཀྱང་རེད་ཅེས་བཤད རྒྱལ་སྤྱིའི་གནམ་གཤིས་མཐུན་ཚོགས་ཀྱི་ཚན་རིག་ཉམས་ཞིབ་པ་ཨོ་མཱབྷ་ཊོར་གྱིས་མ་འོངས་འི་ལོ་ལྔའི་ནང་དུའཛམ་གླིང་གི་ལོ་རེའི་ཚ་དྲོད་ཀྱི་འཕར་ཚད་བཟོ་ལས་ཅན་དུ་མ་འགྱུར་བའི་སྔོན་དང་བསྡུར་ན་དྲོད་ཚད་སེལ་སེ་སི་་དང་གྲངས་ཆུང་་ནས་སེལ་སེ་སི་་དང་གྲངས་ཆུང་༣་ལ་འཕར་ངེས་རེད་ཅེས་སྟན། འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་འགོག་རྒོལ་སྒྲིག་འཛུགས་ཁག་གིས་སྤྱི་ལོ་༢༡༠༠བར་དུསའི་གོ་ལའི་དྲོད་ཚད་སེལ་སེ་སི་་གྲངས་ཆུང་ལས་མི་བརྒལ་འི་ཆེད་དུརྒྱལ་ཁབ་ཡོངས་ཀྱིས་གནམ་གཤིས་ལ་གཏོར་བརླག་མི་བྱ་རྒྱུའི་འབོད་སྐུལ་ཞུས་་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེའི་ཆེད་དུ་འཛམ་གླིང་ཡོངས་སུ་ནུས་པ་སྔར་ལས་ལྡབ་༥་ཆེ་རུ་འདོན་དགོས། དེ་ལྟར་བྱུང་ན་གཞི་ནས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དེ་ཚན་རིག་ཞིབ་འཇུག་གི་གྲུབ་དོན་དང་མཐུན་པའི་དགོས་མཁོ་ལྟར་ཚོད་འཛིན་བྱ་ཐུབ་པའི་ཚོད་དཔག་བྱེད་བཞིན་འདུག སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ནི་དྲོད་ཁང་སོགས་ནས་ཐོན་པའི་རླངས་རྫས་གནོད་ཚབས་ཅན་དབྱང་གཉིས་ཐཱན་རྫས་སོགས་ཀྱིས་བསྐྱེད། གལ་སྲིད་དེ་ལ་ཚོད་འཛིན་བྱ་དགོས་ན་མ་འོངས་འི་ལོ་༡༠་ནང་དུ་དྲོད་ཁང་སོགས་ནས་དབྱང་གཉིས་ཐཱ༵ན་རྫས་སོགས་གནོད་ཚབས་ཅན་གྱི་རླངས་རྫས་ཀྱི་རིགས་ཕྱི་ལ་གཏོང་རྒྱུ་ངེས་པར་དུ་བརྒྱ་ཆབདུན་ངེས་པར་དུ་ཇེ་ཉུང་གཏོང་དགོས། དེ་ལྟར་བྱུང་ན་མ་འོངས་པར་སའི་གོ་ལའི་ཚ་དྲོད་རྒྱས་རྒྱུ་འགོག་ཏུབ་པའི་དམིགས་ཡུལ་འགྲུབ་ཐུབ་པའི་ངོས་འཛིན་བྱེད་བཞིན་པར་མ་ཟད། སའི་གོ་ལའི་དྲོད་ཚད་མཐོ་རུ་འགྲོ་བཞིན་པ་འདི་ལ་དམིགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་རྒྱལ་ཁབ་ཡོངས་ཀྱིས་སྤྱི་ལོ་༢༠༡༥ལོར་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་རྒྱལ་སྤྱི་ཆིངས་ཡིག་ཅིག་ཞིག་བཞག་ཡོད་པར་རྩ་འཛིན་བྱ་དགོས་པའི་ནན་སྐུལ་ཞུས་ཀྱང་ཨ་རི་རྒྱལ་སྤྱིའི་ཆིངས་ཡིག་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

XS
SM
MD
LG