ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཌོ་ནལ་ཊམ་དང་ཧོང་ཀོང་གི་ཁྲིམས་གཞི།


༄༅།། གཟའ་ཕུར་བུ་འདིར་ཧོང་ཀོང་གི་ངོ་རྒོལ་བ་ཚོས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་དེར་མྱུར་དུ་མཚན་རྟགས་འགོད་དགོས། ཨ་མི་རི་ཀས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རང་དབང་ཁག་ལ་སྲུང་སྐྱོབ་བྱ་དགོས་ཞེས་འབོད་སྐུལ་ཞུས་ཀྱང་རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་གཏན་འབེབས་བྱུང་བའི་ཁྲིམས་གཞི་དེར་སྲིད་འཛིན་ཌོ་ནལ་ཊམ་གྱིས་མཚན་རྟགས་འགོད་མི་ཆོག་ཅེས་བཤད་ཀྱི་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་དེར་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་ཚེ། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་དྲག་གནོན་བྱེད་མཁན་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་ས་གནས་གཞུང་གི་འབྲེལ་ཡོད་ལས་སྣེ་ཚོར་ཨ་མི་རི་ཀས་ཚོང་ལས་དང་དཔལ་འབྱོར། འགྲིམ་འགྲུལ་བཀག་སྡོམ་བཅས་ཀྱི་ཉེས་ཆད་གཅོད་དགོས་པ་རེད

ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཀྱིས་ཨ་མི་རི་ཀའི་བྱ་སྤྱོད་དེས་ཕྱོགས་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་ཚབས་ཆེན་གཏོང་གི་ཡོད་པ་དང་འཛམ་གླིང་འདིར་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་དེ་ལའང་ཕན་ཐོགས་མེད་ཅེས་ནན་བརྗོད་བྱས་པར་མ་ཟད། རྒྱ་གཞུང་གི་གསར་འགྱུར་ལས་ཁང་ཁག་གིས་ཀྱང་ཨ་མི་རི་ཀས་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱ་གྲབས་ཡོད་པའི་སྐེ་མཚམས་ནས་རྟ་ཁ་ཕྱིར་འཐེན་བྱ་དགོས། གལ་སྲིད་ཨ་མི་རི་ཀ་ཨུ་ཚུགས་མཐར་སྐྱེལ་གྱི་ལམ་ཕྱོགས་དེར་མདུན་སྐྱོད་བྱས་ན་རྒྱ་ནག་གིས་ཀྱང་དགྲ་ལན་ནན་པོ་སློག་རྒྱུའི་ལས་ཐབས་ཤིག་སྤྱོད་རྒྱུ་ཡིན། དེའི་མཇུག་འབྲས་ཀྱི་ལན་ཁག་མཐའ་དག་ཨ་མི་རི་ཀས་འཁུར་དགོས་ཞེས་མི་དམངས་ཉིན་རེའི་ཚགས་པར་གྱི་མདུན་ཤོག་ལ་ཆེད་བརྗོད་སྤེལ་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྲིམས་གཞི་དེར་མཚན་རྟགས་བཀོད་ན་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་འགྲོ་སྲིད་པའི་དོགས་གཞིའི་འོག གཟའ་ཕུར་བུའི་ཉིན་ཨེ་ཤི་ཡའི་དངུལ་རྩའི་ཁྲོམ་ར་ཁག་གི་མ་རྐང་གི་རིན་གོང་རྣམསམར་ཆག རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལའང་འགོག་རྐྱེན་འབྱུང་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་ཀྱང་ཧོང་ཀོང་གི་སྲང་ལམ་ཁག་ཏུ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཧོང་ཀོང་གི་ཁྲིམས་གཞི་དེར་རྒྱབ་སྐྱོར་བྱས་པར་དགའ་བསུ་ཞུ་བཞིན་ཡོད་པ་སྟེ། མི་བརྒྱ་སྐོར་ཞིག་གིས་ཁྲིམས་གཞི་དེར་མཚན་རྟགས་འགོད་དགོས། དགོས་འདུན་དོན་ཚན་ལྔའི་གཅིག་ཀྱང་མ་ཆད་པར་བསྒྲུབ་དགོས་ཞེས་ཚོང་ར་ཆེན་པོ་ཞིག་གི་ནང་དུ་སྐད་འབོད་བྱས་འདུག

ཁྲིམས་གཞི་དེར་མཚན་རྟགས་འགོད་དགོས་ཟེར་གྱི་ཡོད་པ་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་འབོད་སྐུལ་ཞུས་པ་ཞིག་དང་། དགོ་འདུན་དོན་ཚན་ལྔའི་གཅིག་ཀྱང་མ་ཆད་པར་བསྒྲུབ་དགོས་ཞེས་སྐད་འབོད་བྱེད་ཀྱི་ཡོད་པ་ནི་ཧོང་ཀོང་ས་གནས་གཞུང་གིས་རྩིས་སྤྲོད་ཁྲིམས་གཞི་ཕྱིར་བསྡུ་བྱ་དགོས། ཧོང་ཀོང་གི་ཉེན་རྟོག་པས་མི་མང་ངོ་རྒོལ་བ་ཚོར་དྲག་གནོན་བྱས་པར་རང་དབང་ཅན་གྱི་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་བྱ་དགོས། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདིར་ཟིང་འཁྲུག་ཅེས་ཉེས་མིང་འདོགས་མི་ཆོག ད་བར་ཧོང་ཀོང་ས་གནས་གཞུང་གིས་འཛིན་བཟུང་བྱས་པའི་ངོ་རྒོལ་བ་རྣམས་གློད་གྲོལ་གཏོང་དགོས། ཁོ་ཚོར་ཕྱིས་སུ་ནག་ཉེས་བཙུགས་ནས་རྩིས་རྒྱག་མི་ཆོག་ཅེས་དགོས་འདུན་དོན་ལྔ་བཏོན་ཡོད་པར་གོ་དགོས་ཤིང་། ཧོང་ཀོང་ས་གནས་གཞུང་གིས་རྩིས་སྤྲོད་ཁྲིམས་གཞི་ཕྱིར་བསྡུ་བྱས་ཀྱང་དགོས་འདུན་དོན་ཚན་གཞན་ཁག་སྒྲུབ་ཀྱི་མེད་པར་བརྟེན། གཟའ་འཁོར་འདིར་ཧོང་ཀོང་གི་སློབ་ཆེན་ཁག་ཏུ་ངོ་རྒོལ་ལས་འགུལ་ལངས་ནས་ཉེན་རྟོག་པས་སློབ་ཆེན་ཁག་མཐའ་བསྐོརམཐར་སློབ་ཕྲུག་༡༠༠༠་ལྷག་འཛིན་བཟུང་བྱས་ནས་ངོ་རྒོལ་ལས་འགུལ་དེའི་ངར་ཤུགས་ཅུང་ཙམ་ག་པ་ལྟ་བུའི་རྣམ་པ་ཞིག་མངོན་རུང་ཨ་རིའི་གྲོས་ཚོགས་ཀྱིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དེས་ཧོང་ཀོང་གི་ངོ་རྒོལ་བ་ཚོར་གདེང་སྤོབས་གསར་པ་ཞིག་སྤྲད་འདུག

སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉི་མ་བཅུའི་ནང་ཚུད་དུ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་དེར་རྒྱབ་སྐྱོར་གྱི་མཚན་རྟགས་འགོད་པའམ། ཡང་ན་ཁྲིམས་གཞི་དེར་རྒྱབ་སྐྱོར་གྱི་མཚན་རྟགས་མ་བཀོད་པར་ཆོད་སློག་གཏོང་དགོས། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྲིམས་གཞི་དེར་མཚན་རྟགས་བཀོད་ན་རྒྱ་ནག་གིས་ཧོང་ཀོང་ལ་རང་སྐྱོང་ཚད་ལྡན་ཞིག་སྤྲོད་ཀྱི་ཡོད་མེད་ཨ་མི་རི་ཀས་ལོ་ལྟར་ཞིབ་འཇུག་བྱས་ཏེ་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨ་མི་རི་ཀས་ཧོང་ཀོང་ལ་དམིགས་བསལ་གྱི་ཚོང་ལས་གནས་བབ་ཅིག་སྤྲོད་བཞིན་པ་འོས་འཚམས་ཡིན་མིན་ངེས་གཏན་བྱ་དགོས། ཧོང་ཀོང་གི་ཨ་མི་རི་ཀའི་ཚོང་ལས་མཐུན་ཚོགས་ཀྱིས་སྲིད་འཛིན་ཌོ་ནལ་ཊམ་ལ་ཁྲིམས་གཞི་དེར་མཚན་བཀོད་ན་ལྡོག་ཕྱོགས་ཀྱི་མཇུག་འབྲས་ཤིག་སྨིན་སྲིད། ཐོག་མ་དེར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་འགོག་རྐྱེན་འབྱུང་ཉེན་ཆེདེ་ལྟར་བྱུང་ན་འཛམ་གླིང་སྤྱིའི་དཔལ་འབྱོར་འཕེལ་རྒྱས་དང་ཚོང་ལས་ལ་གནོད་སྐྱོན་འཕོག་རྒྱུ་རེདཨ་མི་རི་ཀས་ཧོང་ཀོང་ལ་དམིགས་བསལ་ཚོང་ལས་ཀྱི་གནས་བབ་སྤྲོད་ཀྱི་ཡོད་པ་ཕྱིར་འཐེན་བྱས་ཀྱང་རྒྱ་ནག་དབུས་གཞུང་ངམ། ཡང་ན་ཧོང་ཀོང་གི་མཐོ་རིམ་དབང་འཛིན་པ་ཚོར་གནོད་མི་ཐུབམཐར་ཐུག་གི་མཇུག་འབྲས་དེ་ཧོང་ཀོང་གི་མི་དམངས་དཀྱུས་མ་ཚོས་མྱོང་དགོས་ཐུག་རྒྱུ་རེདཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལའང་ཚོང་ལས་ཀྱི་གོ་སྐབས་མེད་པར་འགྱུར་སྲིདཧོང་ཀོང་ལ་ཐུན་མོང་མ་ཡིན་པའི་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཤིག་གི་ཁྱད་ཆོས་ལྡན་པའང་ཉམས་རྒུད་འགྲོ་རྒྱུ་རེད་ཅེས་ཉེན་བརྡ་བཏང་འདུག

རྒྱ་ནག་གི་ཚོང་དོན་ལྷན་ཁང་གིས་ཨ་མི་རི་ཀར་སྔོན་འགྲོའི་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤདཧོང་ཀོང་གི་ངོ་རྒོལ་བ་ཚོས་ཀྱང་ཨ་མི་རི་ཀའི་ཁྲིམས་གཞི་དེར་ནུས་པ་ཆེན་པོ་མེད་པ་ངོས་ཟིན། ལོ་ན་༢༩་ལ་སོན་པའི་རེ་མོན་ཌི་ཞེས་པའི་ངོ་རྒོལ་བ་ཞིག་གིས་ཁྲིམས་གཞི་དེ་ནད་ཀུན་འཇོམས་པའི་སྨན་མཆོག་ཅིག་མིན་པ་ཤེས་ཡོད། ཨ་མི་རི་ཀས་ཧོང་ཀོང་ལ་སྲུང་སྐྱོབ་བྱ་རྒྱུ་རེད་ཅེས་མཐའ་གཅིག་ཏུ་ཡིད་ཆེས་བྱས་ན་གླེན་པ་རེད། ཡིན་ནའང་ཨ་མི་རི་ཀའི་ཁྲིམས་གཞི་དེ་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་གཞུང་ལ་ཕམ་ཉེས་བྱུང་བའི་མཚོན་རྟགས་སུ་བརྩི་ཆོག ཁྲིམས་གཞི་དེ་ཧོང་ཀོང་མི་དམངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་ཐོབ་པའི་གཏམ་བཟང་ཞིག་རེད་ཅེས་བཤད། དྷ་ཕི་རན་ཞེས་པའི་ཁྲིམས་རྩོད་པ་དང་རྩོམ་པ་པོ་ཞིག་གིས་ཀྱང་ཨ་རིའི་ཁྲིམས་གཞི་དེ་ཧོང་ཀོང་མི་དམངས་ལ་བཟང་སྤྱོད་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་པའི་མཚོན་རྟགས་ཙམ་རེད། དོན་དངོས་སུ་ཨ་རིའི་ཁྲིམས་གཞི་དེས་ཧོང་ཀོང་གི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཞིག་གཏོང་དཀའ། སྐབས་རེར་ཧོང་ཀོང་ས་གནས་འདི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་དུ་ལག་མདེལ་ལྟ་བུ་ཞིག་ལ་འགྱུར་གྱི་འདུག་ཅེས་བཤད་ཡོད་པ་རེད།

XS
SM
MD
LG