དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གིས་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ནང་གི་མཛད་འཆར་ཁག་ལེགས་པར་བསྒྲུབས་པའི་རྗེས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་མཐོ་རིམ་དབུ་ཁྲིད་དང་དེ་བཞིན་ཕྱི་སྲིད་ལྷ་ཁང་གི་དབུ་ཁྲིད་ཁག་དང་མཇལ་འཕྲད་གནང་ཆེད་སྲིད་སྐྱོང་མཆོག་རེས་གཟའ་མིར་དམར་གྱི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ལ་ཕེབས་ཡོད་པའི་སྐོར་རྒྱལ་མཚན་ཚེ་རིང་ལགལ་ཀྱིས་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་སུ་སྲིད་སྐྱོང་གི་མཛད་རིམ་ཁག་གི་སྐོར་བཅའ་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།