ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་དམག་ཧོང་ཀོང་ལ་སླེབས་པ།


༄༅།། ཕྱི་ཟླ་༡༡་པའི་ཚེས་༡༧་ཏེ། རེས་གཟའ་སྤེན་པའི་ཉིན་ཧོང་ཀོང་གི་ཁྲོམ་གཞུང་ལ་བསམ་ཡུལ་ལས་འདས་པའི་མཐོང་ཐོས་ཤིག་བྱུང་བ་ནི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་སླེབས་ནས་ཧོང་ཀོང་གི་གྲོང་མི་དང་མཉམ་དུ་ངོ་རྒོིལ་རྔམ་སྟོན་དུས་སུ་གཏོར་པའི་ལམ་ཐོག་གི་འགོག་རྡོ་དང་གད་སྙིགས་རྣམས་གཙང་མ་བཟོས་ཡོད་ཅིང་། ཧོང་ཀོང་གི་དམངས་གཙོ་ཕྱོགས་ཁག་གི་སྒྲིག་འཛུགས་ཏེ། འགྲོ་བ་མིའི་ཐོབ་ཐང་འཐབ་ཕྱོགས་ཟེར་བས་གྲོང་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བྱ་སྤྱོད་དེར་དོ་སྣང་བྱ་དགོས་པའི་འབོད་སྐུལ་ཞུས་པར་མ་ཟད། ཧོང་ཀོང་དུ་བཅའ་སྡོད་དམག་དཔུང་གི་བྱ་སྤྱོད་དེ་ནི་རྩ་ཁྲིམས་ཀྱི་དགོངས་དོན་ལ་རྒྱབ་འགལ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG