ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་དང་ཨ་རི། ཕེ་རིསིའི་གྲོས་མཐུན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཨ་རིའི་ཝ་ཤིང་ཊོན་མངའ་སྡེ་ནས་ཆེད་བཅར་ཞུས་པའི་ཕྱི་ལོ་༢༠༢༠་ལོའི་བྱམས་བརྩེའི་སྐུ་ཚབ་རྣམ་པའི་ལྷན་དུ་མི་རབས་རྗེས་མའི་རྒྱུད་ལ་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་ཏུ་བཀའ་བསྡུར་གནང་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་འདས་པའི་ལོ་བཅུ་ཕྲག་ཁ་ཤས་ནས་བོད་དང་རྒྱ་གར་ལ་གནམ་གཤིས་འགྱུར་ལྡོག་གི་དབང་གིས་བྱུང་བའི་དཀའི་ངལ་རྣམས་ངོ་སྤྲོད་གནང་བ་དང་ཆབས་ཅིག ད་ལྟའི་ཆར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་སྔོན་འགོག་གི་གྲོས་མཐུན་ཁོངས་ནས་ཕྱིར་ཐེན་གནང་གི་འདུག ང་ལ་དེའི་ཐད་དུ་བསམ་འཆར་བཤད་ཆོག་པའི་དབང་ཚད་མེད་ཀྱང་ཨ་རི་མུ་མཐུད་དུ་གྲོས་མཐུན་དེའི་ཁོངས་སུ་མཉམ་ཞུགས་གནང་ནས་ཐུགས་འགན་ཆེ་ཙམ་བཞེས་དགོས་པར་མ་ཟད། འཛམ་གླིང་སྤྱིའི་ཁོར་ཡུག་ལ་བདག་གཅེས་བྱ་དགོས་པའི་ལམ་སྟོན་དང་སྣེ་ཁྲིད་གནང་ཐུབ་པའི་རེ་བ་ཡོད་ཅེས་དགོངས་འཆར་གསུངས་ཡོད་པ་སོགས་ཀྱི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG