ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྲིད་འཛིན་ཊམ་དང་ཞིས་གཉིས་ཀྱི་ཞལ་པར་བཀའ་མོལ།


ཨེ་ཤི་ཡ་དང་ཞི་བའི་རྒྱ་མཚོའི་མངའ་ཁུལ་གྱི་དབུ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་དེ་ཕྱི་ཟླ་༡༡་པའི་ཚེས་༡༦་ནས་༡༧་བར་དུ་འཚོགས་རྒྱུའི་འཆར་གཞི་ཡོད་ཀྱང་ཚོགས་ཆེན་གྱི་མགྲོན་བདག་རྒྱལ་ཁབ་ཆི་ལེར་སྲིད་གཞུང་ལ་ངོ་རྒོལ་འབྱུང་བཞིན་པའི་རྐྱེན་གྱིས་ཚོགས་ཆེན་ཕྱིར་འཐེན་གནང་བར་བརྟེན། ཨ་རི་དང་རྒྱ་ནག་གི་དབུ་ཁྲིད་རྣམ་པའི་ཆེས་མཐོའི་ཟུར་མཇལ་གྱི་འཆར་གཞི་ཡང་མེད་པར་གྱུར་ཡོད་པས་གཟའ་པ་སངས་ཉིན་མོར་སྲིད་འཛིན་ཌོ་ནར་ཊམ་དང་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཀྱིས་ཞལ་པར་ཐོག་ཏུ་ཚོང་ལས་ཀྱི་དཀའ་རྙོག་སེལ་ཐབས་སུ་བཀའ་མོལ་གནང་རྒྱུ་ཡིན་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG