ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་གླིང་གི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་ལ་སྐྱོན་བརྗོད།


ཨོ་གླིང་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱིས་ང་ཚོས་ཚོར་སྐྱེན་རྣོ་བའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་འཆང་ནས་སྡོད་ཐབས་མེད། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རྒྱ་ནག་གཞུང་གིས་འགན་ཁུར་དགོས་ཞེས་གསུངས་ཡོད་ཅིང་། ཉེ་བའི་ལོ་ཤས་ནས་ཨོ་གླིང་གཞུང་གིས་རང་གི་རྒྱལ་ནང་གི་གནད་དོན་ཁག་ལ་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་བཞིན་པར་སྐྱོན་བརྗོད་བྱས་ནས་ཡུལ་གྲུ་གཉིས་ཀྱི་འབྲེལ་བ་ཇེ་ཞན་དུ་འགྱུར་བཞིན་པའི་སྐབས་འདིར་ཕྱི་སྲིད་བློན་ཆེན་གྱིས་གོང་གི་གསུང་བཤད་དེ་གནང་བར་རྒྱ་ནག་གིས་སྐྱོན་བརྗོད་བྱས་ནས་སླར་ཡང་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་ཚུལ་ཐོན་པ་རྣམས་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG