ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཧོང་ཀོང་གི་དམངས་གཙོའི་འགོ་ཁྲིད་གྲོས་ཚོགས་འཐུས་མིའི་འོས་མི་ནས་ཕྱིར་ཕུད།


ཧོང་ཀོང་གཞུང་ནས་གཟའ་མིག་དམར་ཉིན་མོ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་འགོ་ཁྲིད་ཇོ་ཞོ་ཝཱ་ཝང་ཟླ་བ་རྗེས་མའི་ས་གནས་གྲོས་ཚོགས་འཐུས་མིའི་འགྲན་རྩོད་པའི་མིང་གཞུང་ནས་དངོས་སུ་ཕྱིར་འཐེན་བྱས་ཡོད་པ་དང་། ཁོང་ནས་ཧོང་ཀོང་གི་བདག་དབང་རྒྱ་ནག་ལ་ཡོད་པར་བརྩི་བཀུར་བྱེད་ཀྱི་མེད་པའི་རྒྱུ་མཚན་བརྗོད་ཡོད་པ་རེད། ཡིན་ནའང་དབྱེ་ཞིབ་པས་རྒྱལ་སྤྱིའི་ཐོག་ལ་གྲགས་ཆེ་བའི་དམངས་གཙོའི་ལས་འགུལ་བ་ཞིག་ཧོང་ཀོང་གི་ས་གནས་གྲོས་ཚོགས་འཐུས་མིའི་འགྲན་རྩོད་ནང་ཞུགས་རྒྱུར་བཀག་འགོག་བྱས་པ་དེ་ནི་ཧོང་ཀོང་མང་ཚོགས་ཀྱི་ཆབ་སྲིད་རང་དབང་ཚོད་འཛིན་དང་རྡོག་རོལ་གཏོང་བཞིན་པའི་དཔང་རྟགས་ཁ་གསལ་ཞིག་རེད་ཅེས་གསུང་གི་ཡོད་པ་སོགས་སྐོར་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།


XS
SM
MD
LG