ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་ངོ་རྒོལ་དང་རྒྱ་རིགས་བུད་མེད་ཅིག་བཀག་ཉར།


ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་ལངས་ཡོད་པ་དང་མཇུག་སྐྱོང་བྱེད་བཞིན་པ་བཅས་ཀྱིས་རྒྱ་ནག་མི་མང་ལ་རང་དབང་དང་དམངས་གཙོའི་གོ་རྟོགས་སད་ནས་བློ་སྟོབས་འཕེལ་གྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་དོགས་སོན་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད། རྒྱ་ནག་ཏུ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་བཀག་ཉར་དང་འདྲི་རྩད་བྱེད་བཞིན་པ་དང་། དཔེར་ན་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་དང་འབྲེལ་བའི་མི་མང་གི་སྨྲ་བརྗོད་རང་དབང་བཀག་སྡོམ་བྱེད་བཞིན་པ་བཅས་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་འབྲི་མཁན་བུད་མེད་ལས་འགུལ་བ་དང་གསར་འགོད་པ་ཞིག་རྒྱ་ནག་གཞུང་གིས་བཀག་ཉར་བྱས་འདུག་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG