ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྲིད་སྐྱོང་གི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་འཚམས་འདྲི་མཇུག་སྒྲིལ།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ཡུ་རོབ་ཀྱི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཏེ་བོད་ལ་རྒྱབ་སྐྱོར་གྱི་རྣམ་པ་གསལ་སྟོན་བྱས་ཤིང་། ཐེངས་འདིའི་སྲིད་སྐྱོང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་ཕྱི་ཚེས་༡༦་ཉིན་བྷེལ་ཇེམ་ལ་ཕེབས་ཡོད་པ་སོགས་ཀྱི་སྐོར། སྲིད་སྐྱོང་གི་ཕྱོགས་ཕེབས་དེར་ལྷན་བཅར་ཞུ་མཁན་ཡུ་རོབ་ཀྱི་བོད་པའི་སྤྱི་འཐུས་ལས་ཐོག་ཐུབ་བསྟན་དབང་ཆེན་ལགས་སུ་ཚེ་བརྟན་ཆོས་སྒྲོན་གྱིས་བཅའ་འདྲི་ཞུས་པ་དེ་གསན་རོགས་གནང་།


XS
SM
MD
LG