ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བལ་ཡུལ་བརྩད་ནས་རྒྱ་དཀར་ནག་གི་འགྲན་སྡུར།


༄༅།། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཕྱི་ཟླ་༡༠་པའི་ཚེས་༡༢་ཏེ། རེས་གཟའ་སྤེན་པའི་ཉིན་བལ་ཡུལ་ལ་རྒྱལ་དོན་འཚམས་འདྲིར་འབྱོར་ཡོད་པ་ནི་ལོ་༢༣་གྱི་རྗེས་སུ་རྒྱ་ནག་གི་སྲིད་འཛིན་ཞིག་གིས་བལ་ཡུལ་ལ་རྒྱལ་དོན་འཚམས་འདྲི་ཕེབས་པ་ཐོག་མ་ཡིན་པར་མ་ཟད། ཉིན་གཉིས་ཀྱི་འཚམས་འདྲིའི་སྐབས་སུ་ཡུལ་གྲུ་གཉིས་ཀྱིས་གྲོས་མཐུན་མང་དག་ཅིག་ལ་མིང་རྟགས་བཀོད་ཡོད་པ་རེད། ཞིས་ཅིང་ཕིང་བལ་ཡུལ་ལ་འཚམས་འདྲིར་ཕེབས་པའི་རིང་ལ་བོད་པ་བཙན་བྱོལ་བ་ཚོས་ངོ་རྒོལ་ལས་འགུལ་སྤེལ་སྲིད་པའི་དོགས་པ་བྱས་ཏེ་བལ་ཡུལ་གཞུང་གིས་བོད་པ་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG