ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

ཨ་བྷི་ཨྷ་མེ་ཐེ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ།


༄༅།། ཕྱི་ཟླ་༡༠་པའི་ཚེས་༡༠་སྟེ། རེས་གཟའ་ཕུར་བུའི་ཉིན་ནི་གོ་མིན་ཏང་གིས་རྒྱ་ནག་མི་སེར་རྒྱལ་ཁབ་བཙུགས་ནས་ལོ་༡༠༨་འཁོར་བའི་དུས་དྲན་ཞིག་ཡིན་ཞིང་། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རྒྱལ་སྟོན་དུས་ཆེན་ཉིན་ཞིས་ཅིན་ཕིང་གིས་བཏོན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེར་ཐེ་ཝན་གྱི་ཁས་ལེན་བྱ་རྒྱུ་མིན་ཞེས་གཏམ་བཤད་བྱས་པར་མ་ཟད། ཧོང་ཀོང་བ་མང་པོ་ཞིག་གིས་ཀྱང་ཉིན་དེར་དུས་ཆེན་ལ་རྟེན་འབྲེལ་ཞུ་བར་དྲྭ་ལམ་དུ་རྩོམ་ཡིག་བཀོད་ནས་ལས་འགུལ་སྤེལ་འདུག ཧོང་ཀོང་བ་དང་ཐེ་ཝན་པ་ཚོས་རྒྱ་ནག་གི་བཙན་གནོན་གཅིག་མཚུངས་ཤིག་མྱོང་བཞིན་ཡོད་པས་བཙན་གནོན་ལ་ངོ་རྒོལ་ཆེད་དུ་ཕན་ཚུན་རྒྱབ་སྐྱོར་དང་གཞོགས་འདེགས། གདུང་སེམས་མཉམ་སྐྱེད་བྱ་རྒྱུ་དེར་ཤུགས་སྣོན་རྒྱག་བཞིན་ཡོད་པའི་སྐོར། འདི་ག་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པ་ལི་པའོ་ཡིས་བཏང་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG