ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨེན་བྷི་ཨེ་དང་རྒྱ་ནག


རྒྱ་ནག་ལ་ཚོང་འབྲེལ་བྱ་དགོས་ན་བོད་དང་ཐེ་ཝན། རྒྱ་ནག་གི་དྲུག་བཞིའི་ལས་འགུལ་སོགས་གནད་དོན་གང་ཞིག་ཡིན་རུང་རྒྱ་ནག་གཞུང་དང་ལྟ་བ་མ་མཐུན་པའི་རྣམ་འགྱུར་སྟོན་ཆོག་གི་མེད་ཅིང་། རྒྱ་ནག་གིས་དཔལ་འབྱོར་དང་ཚོང་འབྲེལ་བེད་སྤྱོད་བཏང་ནས་ཕྱི་རྒྱལ་གྱི་བཟོ་ཚོང་ཁང་ཁག་གི་སྨྲ་བརྗོད་རང་དབང་ལ་བཀག་སྡོམ་བྱེད་བཞིན་ཡོད་པར་མ་ཟད། ཨ་རིའི་རྒྱལ་ཡོངས་ལག་རྩེད་སྦོ་ལུའི་རུ་ཁག་ཅིག་གི་འགན་འཛིན་གྱིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱས་པར་རྒྱ་ནག་གཞུང་གིས་རྒྱ་ནག་ལ་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྦོ་ལུའི་རྩེད་རིགས་ཀྱི་ལེ་ཚན་རྣམས་རྒྱང་སྲིད་བྱ་རྒྱུ་མཚམས་འཇོག་བྱ་སྲིད་པའི་འཇིག་སྣང་སྐུལ་བཞིན་ཡོད་པ་རེད། འོན་ཀྱང་ཨ་རིའི་ཆབ་སྲིད་མི་སྣ་ཁག་དང་རྒྱལ་སྤྱིའི་དྲྭ་དམངས་ཀྱིས་རྒྱ་ནག་ལ་དགོངས་སེལ་ཞུ་བའི་ཕྱི་རྒྱལ་བཟོ་ཚོང་ཁང་ཁག་གིས་རང་གི་ལངས་ཕྱོགས་ལ་འགྱུར་བ་བཏང་སྟེ་དམངས་གཙོ་དང་རང་དབང་གོང་བཀུར་བྱ་དགོས་པའི་ལྟ་ཚུལ་འདོན་གི་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཨེན་བྷི་ཨེ་དང་རྒྱ་ནག
please wait

No media source currently available

0:00 0:05:47 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG