ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་མྱུལ་ཞིབ་འཕྲུལ་ཆས་རྒྱལ་སྤྱིར་ཁྱབ་གདལ།


རྒྱ་ནག་གཞུང་གིས་མང་ཚོགས་ལ་མྱུལ་ཞིབ་བྱེད་པའི་འཕྲུལ་ཆས་འདྲ་མིན་ས་ཡ་མང་པོ་བེད་སྤྱོད་བཏང་སྟེ་མང་ཚོགས་ཀྱི་འགུལ་སྐྱོད་མཐའ་དག་ལ་དུས་རྟག་ཏུ་ལྟ་ཞིབ་ནན་པོ་བྱེད་ཀྱི་ཡོད་པ་ནི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་ཀྱི་བྱ་སྤྱོད་ཅིག་ཡིན་ཞིང་། ད་ཆ་མྱུལ་ཞིབ་ཀྱི་འཕྲུལ་ཆས་དེ་རིགས་བཟོ་སྐྲུན་བྱེད་མཁན་རྒྱ་ནག་གི་བཟོ་ཚོང་ཁང་འགའ་ཞིག་གིས་འཕྲུལ་ཆས་དེ་ཚོ་རྒྱལ་ཁབ་གཞན་པ་མང་པོར་ཕྱིར་ཚོང་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་མྱུལ་ཞིབ་ཀྱི་འཕྲུལ་ཆས་དེ་ཚོས་བསྡུ་རུབ་བྱས་པའི་གནས་ཚུལ་དེ་རྣམས་རྒྱ་ནག་གཞུང་ལ་རག་སྟེ་བེད་སྤྱོད་ལོག་པར་གཏོང་སྲིད་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པར་མཁས་པ་ཚོས་བློ་འཚབ་བྱེད་ཀྱི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG