རྒྱ་ནག་དམར་ཤོག་གི་སྲིད་གཞུང་ཚུགས་པའི་རྒྱལ་འཛུགས་དུས་ཆེན་སྐབས་སུ་བོད་ནང་ལོགས་སུ་དམ་དྲག་ཆེན་པོ་བྱུང་ཡོད་ཅིང་། བོད་པ་ཚོ་འགུལ་སྐྱོད་གཏོང་ས་མེད་པར་བཞག་ཀྱང་བོད་པ་མང་པོ་ཞིག་གིས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་བོད་མི་དམངས་ཀྱི་ལས་དབང་ལ་ལེ་བདའ་དང་རྒྱ་ནག་ལ་མཉམ་འབྲེལ་བྱུང་བར་སྐྱོན་བརྗོད། པཎ་ཆེན་སྐུ་ཕྲེང་བཅུ་པར་རྗེས་དྲན་ཞུས་པ་སོགས་སེམས་ཀྱི་དཀའ་ངལ་རྣམས་པར་རིས་དང་ཡི་གེར་བཀོད་ནས་ཕྱི་ལ་མངོན་ཐབས་བྱས་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།