ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ལོ་བདུན་ཅུའི་རྒྱལ་སྟོན་དང་རྒྱ་ནག་ལ་འཕྲད་པའི་དཀའ་ངལ།


སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཐེངས་༧༠་པ་དེ་དམག་གི་སྟོབས་ཤུགས་ངོམ་ནས་དགའ་སྟོན་བྱས་པར་རྒྱ་ནག་ཉམས་ཞིབ་མཁས་པ་མང་པོས་དེ་སྔ་ནང་ཁྲུག་དང་དཔལ་འབྱོར་གནས་སྟངས་སྐྱོ་བའི་རྒྱ་ནག་རྒྱལ་ཁབ་དེ་ད་ཆ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པར་གྱུར་པ་སོགས་གྲུབ་འབྲས་ཆེན་པོ་ཞིག་བྱུང་ཡོད། འོན་ཀྱང་ལོ་༧༠་རིང་ལ་ཆབ་སྲིད་ཀྱི་ལས་འགུལ་འདྲ་མིན་སྤེལ་ནས་མང་ཚོགས་ཀྱིས་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་ཡོད་ཅིང་། དེང་སྐབས་དཔལ་འབྱོར་འཕེལ་ཚད་དལ་དུ་ཕྱིན་པ་དང་ཨ་རི་དང་རྒྱ་ནག་གི་ཚོང་གི་ཚང་དམག་ལངས་པ། དེ་བཞིན་ཧོང་ཀོང་ས་གནས་སུ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་སོགས་ཀྱིས་ལོ་བདུན་ཅུའི་རྒྱལ་སྟོན་ལ་ནག་གྲིབ་ཕོག་གི་འདུག་ཅེས་གསུང་གི་ཡོད་པའི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG