ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མལ་གྲོའི་བོད་པ་ཚོ་རྒྱལ་སྟོན་དུས་ཆེན་ལ་དགའ་སྣང་མེད་པ།


རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་གི་སྲིད་གཞུང་བཙུགས་ཏེ་ལོ་༧༠་འཁོར་བའི་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཚུགས་པའི་སྐབས་སུ་དགའ་སྟོན་གྱི་བྱེད་སྒོ་ཞིག་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར། མལ་གྲོ་གུང་དཀར་རྫོང་། ཀ་ཚལ་གྲོང་ཚོར་ས་གནས་རྒྱ་ནག་གཞུང་གིས་མང་ཚོགས་བསྡུ་རུབ་ཀྱིས་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་ནས་རྒྱལ་ཁབ་ལ་བསྟོད་དབྱངས་ལེན་པ། ཐག་པ་འཐེན་པ་སོགས་རྩེད་རིགས་སྣ་ཚོགས་ཀྱི་སྒོ་ནས་རྒྱལ་སྟོན་དུས་ཆེན་ལ་བསུ་བ་བྱེད་པའི་བྱེད་སྒོ་སྤེལ་ཡོད་ཅིང་། ཕྱི་ཟླ་༩་པའི་ཚེས་༢༠་ཉིན་ས་གནས་དེ་གའི་ཡུལ་མི་དང་ཁམས་འགོ་འཇོ་ས་ངན་ཡུལ་ནས་གནས་སྤོར་བྱས་པའི་ཡུལ་མི་ཚོ་ཐག་འཐེན་འགྲན་བསྡུར་ཤིག་ཚུགས་ཡོད་པས་སྐབས་དེར་ཁམས་འགོ་འཇོ་ས་ངན་ཡུལ་ཚོའི་རུ་ཁག་དེ་ཤོར་བར་བརྟེན། ས་གནས་ཡུལ་མི་དང་འགོ་ཇོ་ཡུལ་མི་ཚོ་འཁྲུག་འཛིང་དྲག་པོ་ཤོར་ཡོད་པར་མ་ཟད། ཕན་ཚུན་གཉིས་ཀར་མི་མང་པོར་རྨས་སྐྱོན་ཕོག་འདུག འདི་ནི་མང་ཚོགས་ཀྱི་སེམས་ལ་རྒྱལ་སྟོན་དུས་ཆེན་དེར་དགའ་སྤྲོ་མེད་པའི་རྣམ་པ་གསལ་པོར་བསྟན་པ་ཞིག་རེད་ཅེས་འབྲེལ་ཡོད་ས་གནས་བོད་པ་ཞིག་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པའི་སྐོར། འདི་གའི་གསར་འགོད་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་གནས་ཚུལ་བཏང་བ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG