ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཊིཀ་ཊོཀ་བཀོལ་ཆས་ཀྱིས་བོད་དོན་སོགས་བཀག་སྡོམ།


དེང་སྐབས་འཛམ་གླིང་གི་ཡུལ་གྲུ་གང་སར་བཀོལ་རྒྱུག་ཆེ་བའི་རྒྱ་ནག་གི་ཊིཀ་ཊོཀ་བཀོལ་ཆས་ཀྱི་བརྙན་པར་དྲྭ་མཛོད་དུ་༡༩༨༩་ལོར་བྱུང་བའི་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་དུ་སློབ་ཕྲུག་ཚོས་སྤེལ་བའི་དམངས་གཙོའི་ལས་འགུལ་དང་བོད་དོན། ཧྥ་ལུན་གུང་རྩ་རླུང་སྒོམ་སྒྲུབ་པ་སོགས་ལ་འབྲེལ་བ་ཡོད་པའི་འདྲ་པར་དང་བརྙན་རིས། གསར་འགྱུར་སོགས་ཉར་འཛིན་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་བཞིན་ཡོད་ཅིང་། བརྡ་འཕྲིན་བཟོ་ཚོང་ཁང་འདིས་རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས་ལ་ཞབས་འདེགས་སྒྲུབ་ཀྱིན་འདུག་ཅེས་དབྱིན་ཇིའི་གྷར་ཌིན་གསར་ཤོག་གིས་གསལ་སྟོན་བྱས་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG