ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཐེ་ཝན་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་ཚུད་དགོས།


རྒྱ་ནག་དབང་འཛིན་པ་ཚོས་ཐེ་ཝན་ལ་གནོན་ཤུགས་སྤྲོད་རྒྱུར་ཤུགས་སྣོན་རྒྱག་བཞིན་པའི་སྐབས་འདིར་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་གྲོས་ཚོགས་འོག་མའི་འཐུས་མི་༤༡་གིས་གཟའ་འཁོར་འདིར་ཐུན་མོང་གི་སྙན་ཞུ་ཞིག་ལ་མཚན་རྟགས་བཀོད། ཁོ་ཚོས་སྙན་ཞུ་དེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེག་ཕང་པེའོ་དང་འགྲིམ་འགྲུལ་དྲུང་ཆེ་ཀྲའུ་ཞའོ་ལན་གཉིས་ལ་ཕུལ་ནས་ཐེ་ཝན་ཟུར་ཉན་པའི་གནས་བབ་ཐོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཁག་དང་རྒྱལ་སྤྱིའི་མཁའ་འགྲུལ་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱ་རྒྱུ་དེར་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་སུའུ་ཡུས་ཀྱིས་སྤེལ་བའི་གནས་ཚུལ་དེ་བདེ་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG