ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་འཛིན་ཌོ་ནལ་ཊམ་ལ་ཁྲིམས་སྦྱོར་ཞིབ་འཇུག་བྱ་རྒྱུ།


ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སིས་སྲིད་འཛིན་ཌོ་ནལ་ཊམ་ལ་ཁྲིམས་སྦྱོར་ཞིབ་འཇུག་བྱ་རྒྱུ་དངོས་སུ་འགོ་འཛུགས་རྒྱུ་ཡིན་ཞེས་གཟའ་མིག་དམར་ཉིན་གསལ་བསྒྲགས་བྱས་འདུག སྲིད་འཛིན་ཊམ་གྱིས་ཡུཀ་རེན་གྱི་སྲིད་འཛིན་གསར་པར་བཀའ་མོལ་གནང་བའི་སྐབས་སུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་ཇཱོ་བྷ་ཌན་ཕ་བུ་གཉིས་ལ་ཡུཀ་རེན་གྱི་གཞུང་གིས་ཞིབ་འཇུག་བྱ་དགོས། གལ་སྲིད་ཡུཀ་རེན་གྱིས་དེ་ལ་མོས་མཐུན་མ་བྱས་ན་ཨ་མི་རི་ཀས་དམག་དོན་འགྲོ་གྲོན་རོགས་རམ་སྤྲོད་ཀྱི་ཡོད་པ་རྣམས་འགག་སྲིད་ཅེས་གནོན་ཤུགས་སྤྲོད་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG