རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚུགས་ནས་ལོ་༧༠་འཁོར་བའི་རྒྱལ་སྟོན་དུས་ཆེན་གྱི་སྔ་རོལ་འདིར་བོད་ས་ཡོངས་སུ་རྒྱ་ནག་གཞུང་གིས་ལས་འགུལ་སྣ་ཚོགས་ཞིག་སྤེལ་བཞིན་ཡོད་ཅིང་། ཆབ་མདོ་བྱམས་པ་གླིང་དགོན་པའི་དགེ་འདུན་པ་ཚོར་ང་དང་ངའི་མེས་རྒྱལ་ཞེས་པའི་བསྟོད་གླུ་ཞིག་ལེན་དུ་བཅུག་ཡོད་པར་མ་ཟད། བསྟོད་གླུའི་བརྙན་པར་ནང་དུ་བོད་ཀྱི་དགོན་པའི་འདུ་ཁང་གི་ལྡེབས་རིས་དང་ཐང་ཆེན་སོགས་སུ་དགེ་འདུན་ཚོར་དམར་ཤོག་དཔོན་རིགས་ཚོའི་པར་དང་རྒྱལ་ཁབ་ལ་བསྟོད་པའི་སྦྱར་ཡིག སྐར་ལྔའི་དར་དམར་སོགས་འཁྱེར་ནས་འཁྲབ་སྟོན་བྱེད་དུ་བཅུག་ཡོད་པ་བཅས་ཀྱི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།