ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྲིད་བློན་གྱི་ཐག་གཅོད་དང་ཁྲིམས་འགལ་གྱོད་ཞིབ།


དབྱིན་ཡུལ་དེ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་ལ་གྲོས་ཚོགས་སུ་ཐུན་མོང་གི་ཐག་གཅོད་ཅིག་བྱུང་མ་ཐུབ་པར་དབྱིན་ཡུལ་གྱི་ཆབ་སྲིད་ལ་འཕོ་འགྱུར་རིམ་པས་བྱུང་བའི་སྐབས་འདིར། སྲིད་བློན་ཇཱོན་སན་གྱིས་དབྱིན་ཡུལ་དེ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་བར་གྲོས་ཚོགས་སུ་བགྲོ་གླེང་བྱ་རྒྱུར་བཀག་སྡོམ་བྱེད་ཆེད་གྲོས་ཚོགས་ཚོགས་དུས་ཕྱིར་འགྱངས་བཏང་བ་རེད་ཅེས་ཕྱོགས་འགལ་ཚོགས་པས་སྐྱོན་བརྗོད་བྱུང་ཏེ། ཐག་གཅོད་འདི་ཁྲིམས་འགལ་ཡིན་མིན་ལ་ད་ལྟ་དབྱིན་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཉིན་གསུམ་གྱི་ཉན་ཞིབ་འཚོགས་བཞིན་པ་རེད། འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།



XS
SM
MD
LG