ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༤/༢༩

རྒྱ་ནག་གིས་༧གོང་ས་མཆོག་གི་ཡང་སྲིད་ལ་ཐེ་ཇུས་བྱ་རྒྱུ་མེད་པའི་ཨ་རིའི་གཞུང་གིས་ཁྲིམས་འཆར་གསར་པ་བཏོན་པ།


ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་གཞུང་གིས་བོད་མིར་འཛིན་པའི་སྲིད་ཇུས་ཐད་ཁ་སྣོན་གྱི་ནང་དོན་འཁོད་པའི་གྲོས་འཆར་ཞིག་བཏོན་ཡོད་པ་དེའི་ནང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ཐོག་ལ་ཐེ་ཇུས་བྱ་རྒྱུ་མེད་པ་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཀྱི་ཡན་ལག་དོན་གཅོད་ཁང་བཙུགས་རྒྱུ། ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་དོན་འབྲེལ་མཐུད་པས་བོད་ཀྱི་གནད་དོན་ཐོག་དོ་འཁུར་མང་ཙམ་བྱ་དགོས་པ་སོགས་ཀྱི་སྐོར་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་སུ་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་བཅའ་འདྲི་ཞུས་པའི་དུམ་བུ་དེ་གསན་རོགས་གནང་།


XS
SM
MD
LG