ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རི་དང་རྒྱ་ནག་གི་ཚོང་དམག་དང་རྒྱ་ནག་གི་བཟོ་གྲྭ་ཁག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


སྔ་ལོ་ནས་ཨ་རི་དང་རྒྱ་ནག་གཉིས་ལ་ཚོང་དམག་ལངས་ཡོད་པའི་འགལ་ཟླ་སྔར་ལས་ཤུགས་ཆེ་རུ་ཕྱིན་ཏེ་འཛམ་གླིང་ཡོངས་ཀྱི་མ་རྐང་ཁྲོམ་ར་ཉམས་ཆག་ཕྱིན་ཡོད་པ་དང་རྒྱ་ནག་གི་བཟོ་གྲྭ་ཁག་ཅིག་གི་ཚོང་ལས་ལའང་བརྡབ་གསིག་ཆེན་པོ་ཐེབས་ཡོད་པའི་གནས་ཚུལ་བྱུང་འདུག ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་རྒྱ་ནག་ལྷོ་ཕྱོགས་སུ་ཡོད་པའི་ཡུང་ཏུའུ་ཀོ་ལྷམ་བཟོ་གྲྭ་ཞིག་ལ་རྒྱུས་ལོན་བྱས་ཡོད་པ་ལྟར་ན་ཀོ་ལྷམ་བཟོ་གྲྭ་དེས་ཀོ་རྒྱུ་སྤུས་དག་གིས་ལྷམ་བཟོས་ཏེ་ཨ་རིའི་འཛད་སྤྱོད་པ་ཚོས་དགའ་བསུ་བྱེད་བཞིན་ཡོད་ཀྱང་ཨ་རི་དང་རྒྱ་ནག་གི་འགལ་ཟླར་བརྟེན་ནས་ཚོང་ལས་ལ་གྱོང་གུད་ཆེན་པོ་ཕོག ད་དུང་ཡང་ཕྱོགས་གཉིས་ཀྱི་ཚོང་ལས་དཀའ་ངལ་སེལ་དཀའ་བའི་སེམས་ཁྲེལ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

སྤྱིར་ཀོ་ལྷམ་བཟོ་གྲྭ་དེས་ལོ་རེར་ཀོ་ལྷམ་ཡུ་རིང་ཆ་འགྲིག་འབུམ་༨་ནས་ས་ཡ་༡་ལྷག་བཟོ་བཞིན་ཡོད་ཅིང་། ཕལ་ཆེར་ཀོ་ལྷམ་ཆ་ཚང་ཨ་རིར་ཕྱིར་ཚོང་བྱེད་ཀྱི་ཡོད་པ་འགྲེལ་བཤད་བརྒྱབ། ཨ་རྒྱ་གཉིས་ཀྱི་ཚོང་ལས་ཀྱི་འབྲེལ་བ་སྡུག་ཏུ་ཕྱིན་པ་དང་བསྟུན་ནས་ཨ་རི་ལ་ཀོ་ཧམ་ཕྱིར་ཚོང་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད། ད་ལྟ་ཁོ་ཚོས་རྒྱ་ནག་གི་དངུལ་སྒོར་གྱི་འཛའ་ཐང་ལ་འགྱུར་བ་ཕྱིན་པའི་གོ་སྐབས་བསྟུན་པའམ། ཡང་ན་རྒྱལ་ཁབ་གཉིས་ཀྱི་གྲོས་མོལ་འགྲིག་མཐུན་ཡོང་རྒྱུར་ངང་སྒུག་བྱ་རྒྱུ་ལས་ཐབས་ཤེས་གཞན་མེད། བཟོི་བ་༧༠༠་ལྷག་ཡོད་པའི་བཟོི་གྲྭ་དེའི་ལས་མི་མང་ཆེ་བར་ལོ་བཅུ་ཡས་མས་རེའི་ཉམས་མྱོང་ལྡན། གལ་ཏེ་ཚོང་ལས་མུ་མཐུད་དུ་གཉེར་མ་ཐུབ་པར་བཟོ་ཚོང་ཁང་ས་གནས་གཞན་དུ་སྤོར་དགོས་ན་བཟོ་བའི་མཐུན་རྐྱེན་གྱི་ངོས་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་སོགས་འགྲེལ་བཤད་བརྒྱབ་འདུག

ཨ་རྒྱ་གཉིས་ཀྱི་ཚོང་ལས་ལ་གཞིགས་ན་ཨ་རིའི་སྲིད་འཛིན་གྱིས་ཨ་རིའི་དཔལ་འབྱོར་གྱི་ནུས་ཤུགས་རྒྱ་ནག་ལས་སྟོབས་འབྱོར་ཆེན་པོ་ཡོད་པས་རྒྱ་ནག་གིས་ཨ་རི་ལ་བསྟུན་དགོས་པའི་རེ་འདུན་འདོན་གྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་ཚོང་ལས་ཀྱི་འགལ་ཟླ་འདིས་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཇེ་དལ་དུ་བཏང་ཡོད། འོན་ཀྱང་རྩ་བའི་ཆ་ནས་འཕེལ་རྒྱས་ཀྱི་ཚད་དེ་ཧ་ཅང་བརྟན་པོ་ཡིན་པས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ལས་དུས་རིང་དེར་མུ་མཐུད་དུ་དཔལ་འབྱོར་འཕེལ་ཚད་བདེ་བླག་ཏུ་རྒྱུན་འཁྱོངས་བྱེད་ཐུབ་པའི་ངོས་འཛིན་བྱེད་ཀྱིན་འདུག དངོས་ཡོད་ཀྱི་ཐོག་ནས་བལྟས་ན་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ཁང་མང་པོ་ཞིག་དང་མི་དམངས་དཀྱུས་མའི་འཚོ་བ་སོགས་ཁ་ཡོད་ལག་ཡོད་ཀྱི་གྱོང་གུད་ཆེན་པོ་འཕོག་བཞིན་ཡོད་ཅིང་། དེར་བརྟེན་ཨ་རིའི་གཞུང་གིས་གྱོང་ཕོག་མཁན་གྱི་ཞིང་པ་ཚོར་རོགས་དངུལ་སྤྲད་ནས་འཕྲལ་གྱི་དཀའ་ངལ་སེལ་རྒྱུའི་ཐབས་བཀོད་འཐེན།

རྒྱ་ནག་གཞུང་གིས་ཀྱང་ཁྱིམ་སྤྱོད་གློག་ཆས་རིགས་ཀྱི་རིན་གོང་ཕབ་གཅོག་དང་རླངས་འཁོར་གསར་པ་བཙོང་རྒྱུ་དེར་ཚོད་འཛིན། རྒྱ་ནག་གི་བཟོི་གྲྭ་ཁག་ལ་ཁྲོམ་ར་གསར་པ་འཚོལ་རྒྱུ་བཅས་ཀྱི་བྱ་ཐབས་སྤེལ་རྒྱུ། ཨ་རི་དང་རྒྱ་ནག་གི་ཚོང་དམག་ལངས་ནས་ལོ་གཅིག་དང་ཟླ་བ་གཉིས་འགྲོ་བཞིན་པའི་རིང་དེར་བཟང་ཕྱོགས་ཀྱི་འགྱུར་བ་ཅི་ཡང་མ་བྱུང་བར་ཕྱོགས་གཉིས་ཀྱི་འགལ་ཟླ་ཤུགས་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། Top of Formརྒྱ་ནག་གིས་ཨ་རི་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་ཚོང་རྫས་ལ་ས་ཨ་སྒོར་དུང་ཕྱུར་༧༥༠་ཐམ་པའི་རིན་གོང་དང་དངོས་ཟོག་རྣམ་གྲངས་༥༠༧༨་ཡོད་པ་སྟེ། ཚོང་རྫས་རིགས་༡༧༧༧་ལ་བརྒྱ་ཆ་༥་ནས་༡༠་བར་གྱི་རིམ་པ་འདྲ་མིན་གྱི་སྒོ་ཁྲལ་སྤར་ཟིན། མ་འོངས་པའི་སྤྱི་ཟླ་༡༢་ཚེས་༡༥་ནས་ནས་བཟུང་དེའི་ལྷག་འཕྲོས་ཀྱི་ཚོང་རྫས་ཀྱི་རིགས་ལའང་རིམ་པས་སྒོ་ཁྲལ་སྤར་རྒྱུ་ཡིན་པའི་ཐག་བཅད།

ཨ་རི་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་ལས་སྣོན་མ་བྱས་པའི་རྡོ་སྣུམ་ལ་ཉིན་གཅིག་གི་སྔོན་ནས་སྒོ་ཁྲལ་བརྒྱ་ཆའི་༥་སྤར། དེ་ནི་ཨ་རི་དང་རྒྱ་ནག་གི་ཚོང་ལས་ལ་སྒོ་ཁྲལ་སྤར་རེས་ཀྱི་འགལ་ཟླ་བྱུང་ཚུད་དུ་རྒྱ་ནག་གིས་ཨ་རིའི་ལས་སྣོན་མ་བྱས་པའི་རྡོ་སྣུམ་ལ་སྒོ་ཁྲལ་སྤར་བ་ཐོག་མ་དེ་ཆགས་ཀྱི་ཡོད་པར་མ་ཟད། ཨ་རིས་ཀྱང་རྒྱ་ནག་ནས་ཨ་སྒོར་དུང་ཕྱུར་༣༠༠༠་གི་རིན་འབབ་ཀྱི་ཚོང་རྫས་ནང་འདྲེན་བྱེད་བཞིན་པའི་གྲས་ཀྱི་ཨ་སྒོར་དུང་ཕྱུར་༢༥༠༠་ཙམ་གྱི་ཚོང་རྫས་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར། ཉེ་ཆར་ཡང་ཚོང་རྫས་ཁག་ཅིག་གི་སྒོ་ཁྲལ་དེ་བརྒྱ་ཆ་༡༥་ལ་སྤར་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་བཞིན་པ་བཅས་རྒྱལ་ཁབ་གཉིས་ཀྱི་ཚོང་ལས་ཀྱི་འགལ་ཟླ་ཆེ་རུ་ཕྱིན་ཏེ་ཕྱོགས་གཉིས་ཀྱི་བཟོི་ཚོང་ཁང་མང་པོ་ཞིག་ལ་གྱོང་ཕོག་ཡོད་པ་རེད།

XS
SM
MD
LG