༄༅།། དེང་སྐབས་རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་བ་ནི་ཀ་ཤི་མིར་གྱི་རྩོད་གཞིའི་ཐོག་ཏུ་ཛ་དྲག་ཅན་ཞིག་ལ་འགྱུར་བཞིན་པའི་སྐབས་འདིར་པ་ཀི་སི་ཐན་གྱི་སྲི་བློན་ཨིམ་རན་ཁན་གྱིས་ང་ཚོ་པ་ཀི་སི་ཐན་ནི་རྒྱ་གར་ལ་རྡུལ་མཚོན་ཆས་སྔོན་ལ་གཏོར་རྒོལ་བྱེད་མཁན་རྒྱལ་ཁབ་ཅིག་ལ་འགྱུར་གྱི་མ་རེད་ཅེས་ནན་བརྗོད་བྱས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།