ཨ་མི་རི་ཀའི་སྲིད་འཛིན་ཊཱི་རམ་གྱིས་སྒོ་ཁྲལ་རྒྱག་རྒྱུ་བསྡད་པའི་རྒྱ་ནག་གི་ཕྱིར་ཚོང་དངོས་ཟོག་རིགས་ལའང་ཟླ་བ་རྗེས་མ་ནས་སྒོ་ཁྲལ་རྒྱག་འགོ་ཚུགས་རྒྱུ་ཡིན་ལུགས་གསུངས་པར་ རྒྱ་ནག་གིས་ཁོང་ཁྲོ་བྱས་ཏེ་ དེ་ལ་ཡ་ལན་མ་སློག་པར་བསྡོད་ཐབས་མེད་ཅེས་གཟའ་ཕུར་བུའི་ཉིན་རྡིག་བསྐུལ་བྱས་པའི་རྗེས་སུ་ ཡང་དེ་ཉིན་རང་རྒྱ་ནག་གི་ཕྱི་སྲིད་ཁང་གི་མགྲིན་ཚབ་པ་ཞིག་གིས་རྣམ་འགྱུར་ཞི་འཇམ་དུ་བཏང་སྟེ་ ཚོང་དོན་རྩོད་རྙོགས་རྣམས་སེལ་རྒྱུར་རྒྱ་ནག་གི་ཕྱོགས་ནས་གུ་ཤང་ཏོག་ཙམ་བྱེད་རྒྱུ་དང་ ཨ་མི་རི་ཀའི་ཕྱོགས་ནས་ཀྱང་དེ་མཚུངས་གུ་ཤང་བྱས་ཏེ་ཕན་ཚུན་འགྲིག་འཇགས་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།