ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྲིད་འཛིན་ཊམ་གྱིས་ཀ་ཤི་མིར་གནད་དོན་བར་འདུམ་གནང་གི་མ་རེད།


ཨ་རིར་བཅའ་བཞུགས་རྒྱ་གར་གྱི་གཞུང་ཚབ་ཆེན་མོས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་གར་དང་པཱ་ཀི་སི་ཐན་དབར་གྱི་ཀ་ཤི་མིར་དང་འབྲེལ་བའི་རྩོད་གཞི་སེལ་རྒྱུར་བར་འདུམ་གནང་འདོད་ཡོད་ཅེས་གསུངས་པའི་བཀའ་མོལ་དེ་ཕྱིར་བསྡུ་དང་། ཁོང་གི་ལས་དོན་ཁོངས་སུ་འཆར་གཞི་དེ་མེད་པ་བཟོས་ཟིན་པ་རེད་ཅེས་གསལ་བསྒྲགས་གནང་ཞིང་། རྩོད་གཞི་དེ་ནི་རྒྱ་གར་དང་པཱ་ཀི་སི་ཐན་ཕྱོགས་གཉིས་དབར་གྲོས་མོལ་ཐོག་ནས་སེལ་དགོས་རྒྱུ་ཞིག་ཡིན་ཞེས་རྒྱ་གར་གྱི་སྲིད་བློན་མོ་རྡི་མཆོག་ནས་ཁ་གསལ་གསུངས་ཡོད་པས་ཨ་རིའི་བར་འདུམ་དགོས་གལ་མེད་ཅེས་གསལ་བརྗོད་གནང་ཡོད་པ་སོགས་ཀྱི་སྐོར། འབྲེལ་ཡོད་གནས་ཚུལ་ཁག་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུས་ཡོད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG