ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཏཱ་ལའི་བླ་མའི་དགེ་རྩ་ཁང་གི་སློབ་ཡོན།


༄༅།། ཏཱ་ལའི་བླ་མའི་དགེ་རྒན་རྩ་ཁང་གིས་འཛམ་གླིང་སྤྱི་ཡོངས་སུ་ཤེས་ཡོན་སློབ་གསོ་དང་འཕྲོད་བསྟེན་ཡར་རྒྱས། སྤྱི་ཚོགས་བདེ་དོན་དང་ངལ་སེལ་རོགས་སྐྱོར་སོགས་ལ་རོགས་ཕན་མ་དངུལ་ཕོན་ཆེན་ཞིག་སྦྱིན་པ་གཏོང་གི་ཡོད་ཅིང་། ད་དུང་བོད་ཕྲུག་སློབ་མ་ཚོ་ལའང་ཆེས་མཐོའི་གཙུག་ལག་སློབ་ཡོན་སྤྲོད་རྒྱུ་སྤྱི་ལོ་༢༠༡༡་ལོ་ནས་དབུ་འཛུགས་ཀྱིས་ད་ལྟའི་བར་དུ་བོད་ཕྲུག་སློབ་མ་༡༦༠་ལ་ཨ་སྒོར་ས་ཡ་གཉིས་ལྷག་སློབ་ཡོན་རོགས་རམ་གནང་ཡོད་པ་དང་། ༢༠༡༩་ལོར་ཏཱ་ལའི་བླ་མའི་དགེ་རྩ་ཁང་གིས་བོད་ཕྲུག་སློབ་མ་༡༦་འདེམས་ཐོན་གྱིས་སློབ་ཡོན་སྤྲོད་རྒྱུའི་གསལ་བསྒྲགས་སྤེལ་འདུག་པའི་སྐོར། འདི་ག་རླུང་འཕྲིན་ཁང་གིས་ཏཱ་ལའི་བླ་མའི་དགེ་རྩ་ཁང་གི་དྲུང་ཆེ་ལས་ཚབ་བཀྲ་ཤིས་རྣམ་རྒྱལ་ལགས་སུ་སློབ་ཡོན་སྤྲོད་ཡུལ་སློབ་མ་དེ་རྣམས་འདེམས་སྟངས་དང་སློབ་ཡོན་རག་ཟིན་མཁན་ཚོས་༧གོང་ས་མཆོག་གི་མཚན་ཐོག་ཏུ་སློབ་ཡོན་བླངས་པའི་གྲུབ་འབྲས་གང་འདྲ་བྱུང་གི་ཡོད་མེད། མ་འོངས་པར་ཨ་རིའི་ནང་གི་སློབ་ཡོན་ལས་གཞི་འདི་ཡུ་རོབ་སུད་སིར་ཡོད་པའི་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་གི་དགེ་རྩས་འཛིན་སྐྱོང་གནང་རྒྱུ་ཡིན་པ་བཅས་ཀྱི་ཞིབ་ཕྲའི་སྐོར་བཅར་འདྲི་ཞུས་ཡོད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG