ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀ་ཤི་མིར་ལ་མངའ་སྡེའི་གྲོས་ཚོགས་འོས་འདེམས་བྱ་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གར་གྱི་སྲིད་བློན་གྱིས་ཀ་ཤི་མིར་ཐད་གསུང་བཤད་གནང་པ

༄༅།། རྒྱ་གར་གྱི་སྲིད་བློན་ན་རེན་དྷར་མོ་དྷིས་གཟའ་ཕུར་བུའི་ཉིན་རྒྱལ་ཡོངས་བརྙན་འཕྲིན་དང་རླུང་འཕྲིན་ཐོག་ཏུ་ཀ་ཤི་མིར་གྱི་གནད་དོན་ལ་འབྲེལ་ནས་མང་ཚོགས་ལ་གསུང་བཤད་གནང་སྟེ། རྒྱ་གར་གྱི་རྩ་ཁྲིམས་སུ་ཀ་ཤི་མིར་ལ་དམིགས་བསལ་རང་སྐྱོང་གི་གནས་བབ་ཅིག་སྤྲད་ཡོད་པ་རྒྱ་གར་གཞུང་གིས་ཕྱིར་བསྡུ་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་ནི་མངའ་སྡེར་དམིགས་བསལ་གནས་བབ་ཅིག་ཡོད་པའི་རྐྱེན་གྱིས་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུ་སོགས་ས་གནས་དེར་ཕན་ཐོགས་ཡོད་པའི་ལས་དོན་མང་པོ་ཞིག་བསྒྲུབ་རྒྱུ་སོགས་ལ་གོག་རྐྱེན་འཕྲད་ཀྱི་ཡོད་ཅིང་། དེར་བརྟེན་རྒྱ་གར་གཞུང་གིས་ཀ་ཤི་མིར་ལ་དམིགས་བསལ་གྱི་གནས་བབ་ཅིག་ཡོད་པ་ཕྱིར་བསྡུ་བྱ་དགོས་པའི་ཐག་གཅོད་བྱས་པ་ཡིན། ཐག་གཅོད་འདིས་ཀ་ཤི་མིར་གྱི་མི་དམངས་ལ་ཕན་ཐོགས་ཡོང་རྒྱུ་དང་གང་མགྱོགས་ས་གནས་དེའི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་འོས་འདེམས་བྱ་འཆར་ཡོད་ཅེས་གསུངས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG