ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་གསར་པ་འགེལ་རྒྱུ།


ཨ་མི་རི་ཀ་དང་རྒྱ་ནག་གིས་ཚོང་ལས་གྲོས་མཐུན་ཞིག་འཇོག་རྒྱུའི་དོན་དུ་འདས་པའི་ལོ་གཅིག་ལྷག་ཙམ་གྱི་རིང་ལ་འབད་བརྩོན་རབ་དང་རིམ་པ་ཞིག་བྱས་པར་གྲུབ་འབྲས་ཐོན་མེད་ཅིང་། དེར་བརྟེན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་ཨ་སྒོར་ཐེར་འབུམ་༣༠༠་ཐམ་པའི་དངོས་ཟོག་ལ་ཟླ་བ་རྗེས་མ་ནས་སྒོ་ཁྲལ་བརྒྱ་ཆ་༡༠་སྤར་རྒྱུ་ཡིན་ཞེས་གཟའ་ཕུར་བུའི་ཉིན་ཁྱབ་བསྒྲགས་བྱས་པ་དང་། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་འདི་་སླར་ཡང་ཛ་དྲག་ཅན་ཞིག་ཏུ་འགྱུར་རྒྱུ་ཡིན་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG