ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བལ་ཡུལ་དང་རྒྱ་ནག་གི་འབྲེལ་བའི་སྐྱོན།


༄༅།། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༥༦་ལོ་ནས་བལ་ཡུལ་ལ་རྒྱལ་ཁབ་སྐྱོར་དང་རོགས་རམ་སྤྲོད་རྒྱུ་འགོ་ཚུགས་ནས་རྒྱ་ནག་ལ་ཁེ་ཕན་ཆེན་པོ་ཐོབ་ཡོད་ཅིང་། བལ་ཡུལ་གཞུང་གིས་རྒྱ་ནག་ལ་འབྲེལ་བ་འཛིན་སྟངས་དེར་འགྱུར་བ་ཞིག་མ་བཏང་བར་བལ་ཡུལ་རྒྱལ་ཁབ་དེ་ཉིད་སྲིད་དོན་པ་ཁག་ཅིག་དང་སྲིད་དོན་ཚོགས་པ་འགའ་ཞིག་ལ་རྩིས་སྤྲོད་བྱས་ནས་བཞག་ཚེ། མ་འོངས་པར་བལ་ཡུལ་གྱི་བདེ་དོན་དང་རང་དབང་སྲུང་སྐྱོབ་ཀྱི་འགག་རྩའི་གནད་དོན་ཐོག་ཏུ་རྒྱ་ནག་ལ་གུ་བཤངས་བྱ་སྲིད་པའི་ཉེན་ཁ་འདུག་ཅེས་རྩོམ་ཡིག་ཅིག་ཐོན་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG