ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་དང་ཨ་རིའི་ཚོང་དོན་གྱི་གྲོས་མོལ།


འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་ཚོང་དམག་མཚམས་འཇོག་ཡོང་ཐབས་སུ་ཕྱོགས་གཉིས་ཀྱི་སྐུ་ཚབ་ཚོ་ཁ་སྔོན་ཕྱི་ཟླ་ལྔ་པ་ནས་གྲོས་མོལ་མཚམས་ཆད་མོད། འོན་ཀྱང་ཕྱི་ཟླ་༧་པའི་ཚེས་༣༠་སྟེ། གཟའ་མིག་དམར་གྱི་ཉིན་མོར་སླར་ཡང་ཨ་རི་དང་རྒྱ་ནག་གི་སྐུ་ཚབ་ཚོ་ངོ་ཐུག་གིས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་གྲོས་མོལ་འཕྲོ་སྐྱོང་བྱེད་ཀྱི་ཡོད་ཅིང་། ད་ཐེངས་ཀྱི་གྲོས་མོལ་འདིས་ཕྱོགས་གཉིས་ཀྱི་ཚོང་དོན་ལ་འཕྲད་བཞིན་ཡོད་པའི་་དཀའ་ངལ་རྣམས་འཕྲལ་དུ་སེལ་ཐུབ་པའི་གྲུབ་འབྲས་ཤིག་འཐོན་རྒྱུའི་ཚོད་དཔག་བྱེད་ཀྱི་མེད་ཀྱང་རྒྱ་ནག་གི་གཞུང་འབྲེལ་གསར་ཤོག་ཁག་གིས་དེ་སྔ་༡༩༧༢་ལོར་ཨ་རིའི་སྲིད་འཛིན་ནིག་སིང་ཧྲང་ཧེ་ལ་ཕེབས་ནས་རྒྱ་ནག་དང་ཨ་མི་རི་ཀའི་ཧང་ཧེ་སྤྱི་བསྒྲགས་སྤེལ་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཚུགས་པ་རྣམས་དྲན་སྐུལ་གྱི་ཆེད་བརྗོད་སྤེལ་གྱི་ཡོད་པ་སོགས་ཀི་སྐོར། པ་སངས་དབྱངས་སྐྱིད་ལགས་ནས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG