ཕྱི་ཟླ་༧་པའི་ཚེས་༢༩་ཉིན་ཧོང་ཀོང་མི་དམངས་ཀྱིས་སླར་ཡང་ས་གནས་སྲིད་གཞུང་ལ་ངོ་རྒོལ་བྱས་པ་དང་། རྒྱ་ནག་གི་འགོ་ཁྲིད་ཚོའི་བཀོད་ཇུས་འོག་ཏུ་ཧོང་ཀོང་ས་གནས་གཞུང་ལ་ཁྲིམས་བྱོལ་བའམ། དོགས་ཅན་པ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་པའི་ཁྲིམས་གཞི་ཞིག་གཏན་འབེབས་བྱ་དགོས་པའི་བཀོད་འདོམས་བྱས་ནས་བཟུང་། འདས་པའི་དུས་ཡུན་ཟླ་བ་གཉིས་ལྷག་ལ་ཧོང་ཀོང་མི་དམངས་ཀྱིས་ངོ་རྒོལ་བསྟུད་མར་བྱས་ཏེ་ཧོང་ཀོང་གི་ཉེན་རྟོག་པས་མི་མང་ངོ་རྒོལ་བ་ཚོར་རྒོལ་རྡུང་གཏོང་གི་ཡོད་ཅིང་། ཧོང་ཀོང་གི་ངོ་རྒོལ་བ་ཚོའི་མགོ་ལ་རྨས་སྐྱོན་མི་འཕོག་པའི་ཆེད་དུ་ཐེ་ཝན་གྱིས་རྨོག་ཞྭ་ཞལ་འདེབས་བསྡུ་རུབ་བྱས་ནས་ཧོང་ཀོང་ལ་གཏོང་རྒྱུ་ཡིན་ཞེས་ཐེ་ཝན་གྱི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཡི་རེད།