ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཚོང་དམག་གིས་རྒྱ་ནག་ལ་ལས་ཤོར་པ་ཇེ་མང་།


ད་ལོ་ནི་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ལངས་ནས་འཁྲུག་བྱུང་བའི་ལོ་གཉིས་པ་དེ་འགོ་ཚུགས་ཡོད་ཅིང་། ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་སྒོ་ཁྲལ་སྤར་ཐེངས་དང་པོ་དེས་རྒྱ་ནག་ལ་ལས་ཤོར་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པར་མ་ཟད། རྒྱ་ནག་ཏུ་རྟེན་གཞི་བྱེད་ཡོད་པའི་བཟོ་གྲྭ་མང་པོ་སྒོ་རྒྱག་དགོས་འབྱུང་གི་ཡོད་པ་རེད། རྒྱ་ནག་གི་རྒྱལ་སྤྱིའི་དངུལ་རྩིས་ལས་ཁུངས་ཞེས་པས་སྙན་ཐོ་བཏོན་པ་ལྟར་ན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་པའི་སྟབས་ཀྱིས་རྒྱ་ནག་གི་བཟོ་བ་༡༧༠༠༠༠་གྱི་ལས་ཀ་ཤོར། གཙོ་བོ་གློག་ཀླད་དང་འཕྲུལ་རིག་བཟོ་ལས་ཁང་ཁག་གི་ལས་ཀ་ཡིན་ཞིང་། རྒྱ་ནག་གི་ཀྲིན་ཞིན་དང་ཧྭ་ཝེ་གཉིས་ཀྱི་འཕྲུལ་རིག་བཟོ་ལས་ཁང་ཁག་དང་འབྲེལ་བ་ཡོད་པའི་ལས་ཀ་བརྒྱ་ཆ་༤་དང་གྲངས་ཆུང་༩་ཤོར་འདུག གཞན་ཡང་རྒྱ་ནག་དང་ཨ་རིའི་ཚོང་དམག་གིས་རྒྱ་ནག་གི་བཟོ་གྲྭ་མང་པོ་སྒོ་བརྒྱབ་ཡོད་པ་སྟེ། པེ་ཅིང་དུ་ཡོད་པའི་སཱོ་ཎི་ཁ་པར་བཟོ་ལས་ཁང་སྤྱི་ཟླ་༣་པར་སྒོ་བརྒྱབ་ཅིང་། རྒྱ་ནག་གི་ཧེ་ཀྲུའུ་གྲོང་ཁྱེར་དུ་རྟེན་གཞི་བྱེད་ཡོད་པའི་ཀོ་རི་ཡའི་སམ་སང་ཁ་པར་བཟོ་ལས་ཁང་སྤྱི་ཟླ་༩་པའི་ནང་དུ་སྒོ་རྒྱག་འཆར་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG