ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༣/༡༥

རྩོམ་པ་པོ་དབྱང་ཧིན་ཅོན་དངོས་སུ་བཀག་ཉར།


རྒྱ་ནག་ནས་སྐྱེས་ཤིང་ད་ལྟ་ཨོ་སི་ཁྲི་ལི་ཡའི་མི་སེར་ཡིན་པའི་རྒྱའི་རྩོམ་པ་པོ་མིང་གྲགས་ཅན་ཡྰང་ཧིན་ཅོན་ད་ལོའི་སྤྱི་ཟླ་༡ཚེས་༡༩་ཉིན་རྒྱ་ནག་ཀོང་ཀྲིག་གི་གནམ་ཐང་ནས་འཛིན་བཟུང་བྱས་པའི་རྗེས་ལ་ད་ལྟའི་བར་དངོས་གཞིའི་ཁྲིམས་ཀྱི་འགྲོ་ལུགས་ཀྱི་ཁ་གསལ་བོ་ཅི་ཡང་མེད་པར་དུས་ཡུན་ཟླ་༦་ལྷག་གི་རིང་ལ་བཟང་བཙོན་གྱི་ཐོག་བཀག་ཉར་བྱས་ཡོད་པ་དང་། ཉེ་ཆར་ཁོ་རང་པེ་ཅིན་གྱི་བཀག་ཉར་ཁང་ཞིག་གི་ནང་དུ་ཁྲིད་ནས་རྒྱ་ནག་གི་ྒྱལ་ཁབ་བདེ་འཇགས་ལ་གནོད་པ་བཟོ་མཁན་གྱི་དོགས་གཞིའི་འོག་དངོས་སུཉེས་དོན་བཀག་སྐྱིལ་བྱས་པའི་བརྡ་བཏང་ཡོད་པ་དང་། འདིའི་ཐད་དེ་རིང་སྤྱི་ཚེས་༡༩་ཉིན་ཨོ་སི་ཁྲི་ལི་ཡའི་ཕྱི་འབྲེལ་བློན་ཆེན་མྰི་རོས་སི་ ཕྰན་གྱིས། རྒྱ་ནག་གཞུང་གིས་ཨོ་སི་ཁྲི་ལི་ཡ་གཞུང་ལ་ཡྰང་ཧིན་ཅོན་དངོས་སུ་འཛིན་བཟུང་བཀག་ཉར་བྱས་པའི་བརྡ་བཏང་བྱུང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


འབུམ་རམས་པ་ཡྰང་ཧིན་ཅོན་ནི་ཨོ་སི་ཁྲི་ལི་ཡའི་མི་སེར་ཡིན་ལ། རིག་གཞུང་དོན་དུ་གཉེར་མཁན་གྱི་མཁས་པ་ཞིག་ཀྱང་ཡིན། ཉེ་ཆར་ཁོ་རང་པེ་ཅིན་དུ་དངོས་སུ་འཛིན་བཟུང་བཀག་ཉར་བྱས་པར་ཨོ་སི་ཁྲི་ལི་ཡའི་གཞུང་ནས་ཧ་ཅང་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད་ལ། ང་ཚོས་མུ་མཐུད་ནས་རྒྱ་ནག་གཞུང་ཕྱོགས་ལ་གནོན་ཤུགས་སྤྲད་ནས། ཡྰང་ཧིན་ཅོན་ལ་རྒྱལ་སྤྱིའི་ཁྲིམས་གཞིར་བཟུང་ནས་དྲང་བདེན་དང་མི་ཆོས་ཀྱི་འགྲོ་ལུགས་དང་མཐུན་པའི་ཐོག་ནས་ཐག་གཅོད་ཞིག་འོང་བའི་རེ་འདུན་འདོན་རྒྱུ་ཡིན་ཅེས་བཤད་འདུག ྩོམ་པ་པོ་ཡྰང་ཧིན་ཅོན་ནི་རྒྱ་ནག་ཧུའུ་པེ་ཞིང་ཆེན་སྰོས་ཀྲིག་གྲོང་ཁྱེར་གྱི་མི་ཡིན་ཞིང་ད་ལོ་ལོ་ལྔ་བཅུ་ང་གསུམ་ཡིན་ལ། སྤྱི་ལོ་༢༠༠༠ལོར་ཨོ་སི་ཁྲི་ལི་ཡའི་མི་སེར་གྱི་ཁོངས་སུ་ཞུགས་ཡོད་པ་རེད། ཁོ་ནི་རྒྱ་ནག་གི་རིག་གཞུང་ཉམས་ཞིབ་པ་དང་། སྤྱི་ཚོགས་དཔྱད་བརྗོད་པ། དྲ་ཐོག་ཏུ་རྩོམ་འབྲི་གནང་མཁན་གྱི་རྩོམ་པ་པོ་བཅས་ཡིན་ལ། དེ་སྔོན་ཁོ་རང་བཀག་ཉར་མ་བྱས་པའི་སྔོན་ལ་ཡྰང་ཧིན་ཅོན་གྱི་ཟིན་བྲིས་ཅེས་པའི་ཁོ་རང་སྒེར་གྱི་དྲ་ཚིགས་ཀྱི་ངོས་སུ་རྒྱ་ནག་གཙོས་པའི་རྒྱལ་སྤྱིའི་གནད་དོན་ཁག་གི་སྟེང་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་མང་པོ་སྤེལ་མྱོང་བ་མ་ཟད། བརྩམས་སྒྲུང་ཡང་མང་པོ་བྲིས་མྱོང་ལ། ཁོང་གིས་བྲིས་པའི་དེབ་ལ་ཡང་ཁྱིམ་དང་རྒྱལ་ཁབ། གནམ་འོག་ཅེས་པ་དང་། མིག་ནག་པོས་འཛམ་གླིང་ལ་བལྟ་བ་ཅེས་པ་སོགས་ཡོད་ལ། བོད་ཀྱི་གནད་དོན་གྱི་སྐོར་ལ་ཡང་ང་དང་བུ་ཆུང་གིས་བོད་ཀྱི་གནད་དོན་གླེང་བ་སོགས་ཀྱི་རྩོམ་ཡིག་ཁ་ཤས་བྲིས་ཡོད། གཞན་ཡང་ཡྰང་ཧིན་ཅོན་ལགས་ཀྱིས་ཆིག་སྟོང་༡༩༨༧་ནས་༡༩༩༧ལོའི་བར་དུ་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་དང་། ཧེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་། ཧོང་ཁོང་ཀྲུང་ཙི་བཟོ་ཚོང་ཁང་སོགས་སུ་ཡང་ཕྱག་ལས་གནང་མྱོང་བ་དང་། དེའི་རྗེས་སུ་རྒྱལ་སྤྱིའི་ཉམས་ཞིབ་ཁང་ཁག་ཅིག་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནད་དོན་ངོས་ནས་ཉམས་ཞིབ་ཀྱི་ལས་ཀ་ཡང་སྒྲུབ་མྱོང་བ་ཞིང་། ཉེ་བའི་ལོ་གཉིས་ཀྱི་རིང་ལ་ཨ་རིའི་ཁི་ལོམ་བྷིས་ཡ་སློབ་ཆེན་དུ་ཉམས་ཞིབ་ཀྱི་ལས་ཀ་བྱེད་བཞིན་པ་རེད། དེ་སྔོན་སྤྱི་ལོ་༢༠༡༡་གི་ཟླ་༣་པའི་ནང་དུའང་ཡང་ཡྰང་ཧིན་ཅོན་རྒྱ་ནག་ཀོང་ཀྲིག་གི་པྰད་ཡོན་གནམ་ཐང་ནས་ཉིན་རེ་ཟུང་ལ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བྱུང་སྟེ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གླེང་སློང་ཆེན་པོ་བྱུང་ཡོད་ཅིང་། ད་ལོར་ཡང་སྤྱི་ཟླ་༡པོའི་ཚེས་༡༩་ཉིན་ཁོ་དང་ཁོང་གི་བཟའ་ཟླ་ཡོན་ཞོ་ལིན་དང་། ལོ་བཅུ་བཞི་ཅན་གྱི་བུ་མོ་བཅས་ཨ་རིའི་ཉིག་ཡོག་ནས་རྒྱ་ནག་ཀོང་ཀྲིག་གི་གནམ་ཐང་དུ་འབྱོར་སྐབས་ཡྰང་ཧིན་ཅོན་རྒྱ་ནག་གི་ཉེན་རྟོག་པས་ཁྲིད་ཅིང་ད་ལྟའི་བར་བཀག་ཉར་བྱས་ཤིང་། ཁོང་གི་ཁྲིམས་རྩོད་པ་མོ་ཧྲོ་ཕིན་གྱིས་ཨད་ཕིས་གསར་འགྱུར་ཁང་ལ་བཤད་པ་ལྟར་ན། ཉེ་ཆར་སྤྱི་ཚེས་༡༧་ཉིན་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་ཡྰང་ཧིན་ཅོན་གྱི་བཟའ་ཟླ་ལ་ཁོ་རང་དངོས་སུ་འཛིན་བཟུང་བྱས་པ་ཡིན་པའི་བརྡ་བཏང་ཡོད་པ་དང་། ཁོ་ལ་ད་ལྟ་རྒྱལ་ཁབ་བདེ་འཇགས་ལ་གནོད་པ་སྐྱེལ་མཁན་ཡིན་པའི་དོགས་པ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་ཉེས་ཁྲིམས་ནང་དུ་ཁྲིམས་འདིའི་ཁྱབ་རྒྱ་ཧ་ཅང་ཆེ་ཞིང། འདིའི་ནང་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ཕྱི་ལ་བསྐྱལ་མཁན་གྱི་གསང་མྱུལ་བའི་ཉེས་པ་སོགས་ཉེས་མིང་རིགས་མི་འདྲ་བ་༡༩ལྷག་ཡོད་པ་རེད་ཅེས་ཀྱང་བཤད་འདུག རྒྱ་ནག་ཏུ་སྐྱེས་ཤིང་འཚར་ལོངས་བྱུང་བ་དང་ ད་ལྟ་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་སུ་གྱུར་པའི་ྒྱ་ནག་པའིརྩོམ་པ་པོ་དབྱང་ཧིན་ཅོན་ལོ་འདིའི་སྤྱི་ཟླ་༡་དང་པོའི་ཚེས་༡༩་ཉིན་རྒྱ་ནག་གི་ཀོང་ཀྲུག་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་ཐང་དུ་འཛིན་བཟུང་བྱས་པའི་རྗེས་ལ་འདས་པའི་ཟླ་བ་མང་པོར་དངོས་གཞིའི་ཁྲིམས་ལུགས་ཀྱི་འགྲོ་སྟངས་ཁ་གསལ་ཅི་ཡང་མེད་པར་ལོ་ཕྱེད་ཀ་ལྷག་ལ་བཟང་བཙོན་དུ་བཅུག་ནས་བཀག ཉེ་ཆར་ཁོ་་པེ་ཅིང་དུ་བཀག་ཉར་ཁང་ཞིག་གི་ནང་དུ་ཁྲིད་ནས་རྒྱ་ནག་ྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཀ་ཡོད་པའི་དོགས་གཞིའི་འོག་ཏུ་དངོས་སུཉེས་དོན་བཀག་སྐྱིལ་བྱས་པའི་བརྡ་བཏང་འདུག

དེ་རིང་སྤྱི་ཚེས་༡༩་ཉིན་ཨོ་གླིང་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་མཱི་རོས་སི་ ཕན་གྱིསརྒྱ་ནག་གཞུང་གིས་ཨོ་གླིང་གཞུང་ལ་དབྱ་ཧིན་ཅོན་དངོས་སུ་འཛིན་བཟུང་བཀག་ཉར་བྱས་པའི་བརྡ་བཏང་བྱུང་། འབུམ་རམས་པ་དབྱང་ཧིན་ཅོན་ནི་ཨོ་གླིང་གི་སྤྱི་དམངས་ཤིག་ཡིན། རིག་གཞུང་དོན་གཉེར་མཁས་པ་ཞིག་ཀྱང་ཡིན། ཉེ་ཆར་ཁོ་་པེ་ཅི་དུ་དངོས་སུ་འཛིན་བཟུང་བཀག་ཉར་བྱས་པར་ཨོ་གླིང་གཞུང་ལ་ཧ་ཅང་གི་བློ་ཕམ་ཆེན་པོ་བྱུང། ང་ཚོས་མུ་མཐུད་དུ་རྒྱ་ནག་གཞང་ལ་གནོན་ཤུགས་སྤྲད་ནས་དབྱང་ཧིན་ཅོན་ལ་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་གིས་དྲང་བདེན་དང་མི་ཆོས་དང་མཐུན་པའི་ཐག་གཅོད་ཅིག་བྱ་རྒྱུའི་རེ་འདུན་འདོན་རྒྱུ་ཡིན་ཞེས་བཤད་འདུག

ྩོམ་པ་པོ་དབྱང་ཧིན་ཅོན་ནི་རྒྱ་ནག་ཧུའུ་པེ་ཞིང་ཆེན་སུ་ཀྲིག་གྲོང་ཁྱེར་དུ་སྐྱེས་ཏེ་ལོ་ན་༥༣་ལ་སོན། སྤྱི་ལོ་༢༠༠༠ལོར་ཨོ་གླིང་གི་སྤྱི་དམངས་སུ་གྱུར། ཁོ་་རྒྱ་ནག་གི་རིག་གཞུང་ཉམས་ཞིབ་པ་དང་སྤྱི་ཚོགས་དཔྱད་བརྗོད་པ། དྲྭ་ཐོག་ཏུ་རྩོམ་འབྲི་མཁན་གྱི་རྩོམ་པ་པོ་བཅས་ཡིན་ཞིང་རྩོམ་པ་པོ་བཀག་ཉར་མ་བྱས་པའི་སྔོན་ལ་དབྱང་ཧིན་ཅོན་གྱི་ཟིན་བྲིས་ཞེས་སྒེར་གྱི་དྲྭ་ཚིགས་ཤིག་གཉེར་ནསརྒྱ་ནག་གཙོས་རྒྱལ་སྤྱིའི་གནད་དོན་ཁག་དང་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་མང་པོ་སྤེལ་མྱོང་བ་མ་ཟད། བརྩམས་སྒྲུང་ཡང་མང་པོ་བྲིས་མྱོང་ཡོད་པ་སྟེ། ཁོ་པའི་བརྩམས་ཆོས་གྲས་སུདབྱང་ཁྱིམ་དང་རྒྱལ་ཁབ། གནམ་འོག མིག་ནག་པོས་འཛམ་གླིང་ལ་བལྟ་བ་ཞེས་པ་སོགས་ཡོད་ཅིང་། བོད་དོན་ཡང་ང་དང་བུ་ཆུང་གིས་བོད་དོན་གླེང་བ་ཞེས་པའི་རྩོམ་ཡིག་ཁ་ཤས་བྲིས། གཞན་ཡང་དབྱང་ཧིན་ཅོན་གྱིས་༡༩༨༧་ནས་༡༩༩༧ལོའི་བར་དུ་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་དང་ཧེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་། ཧོང་ཀོང་ཀྲུང་ཙི་བཟོ་ཚོང་ཁང་སོགས་སུ་ལས་འགན་བསྒྲུབས། དེའི་རྗེས་སུ་རྒྱལ་སྤྱིའི་ཉམས་ཞིབ་ལས་ཁང་ཁག་ཅིག་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནད་དོན་ལ་ཉམས་ཞིབ་པའི་ལས་ཁུར་བཞེས། ཉེ་བའི་ལོ་གཉིས་ཀྱི་རིང་ལ་ཨ་རིའི་ཀོ་ལུམ་བྷི་ཡ་སློབ་ཆེན་དུ་ཉམས་ཞིབ་ཀྱི་ལས་ཀ་བྱེད་བཞིན་ཡོད

དེ་སྔོན་སྤྱི་ལོ་༢༠༡༡་གི་ཟླ་༣་པའི་ནང་དུའངདབྱང་ཧིན་ཅོན་འཁྱུག་ཙམ་རིང་ལ་རྒྱ་ནག་ཀོང་ཀྲུང་གྲོང་ཁྱེར་གྱི་པེ་ཡོན་རྒྱལ་སྤྱིའི་གནམ་ཐང་དུ་ཉི་མ་རེ་ཟུང་ཞིག་ལ་གར་སོང་ཆ་མེད་དུ་གྱུར་འི་གནས་ཚུལ་བྱུང་སྟེ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གླེང་སློང་ཆེན་པོ་བྱུང་། ད་ལོ་བསྐྱར་དུ་སྤྱི་ཟླ་༡པོའི་ཚེས་༡༩་ཉིན་རྩོམ་པ་པོ་དབྱང་དང་བཟའ་ཟླ་ཡོན་ཞོ་ལིན བུ་མོ་ལོ་༡༤་ལ་སོན་པ་ཞིག་བཅས་ཨ་རིའི་ནེའུ་ཡོཀ་ནས་རྒྱ་ནག་ཀོང་ཀྲུག་གནམ་ཐང་དུ་འབྱོར་པའི་སྐབས་སུ་དབྱང་ཧིན་ཅོན་རྒྱ་ནག་གི་ཉེན་རྟོག་པས་བཙན་བྱས་ནས་བཀག་ཉར་བྱས་ཤིང་། ཁོང་གི་ཁྲིམས་རྩོད་པ་མོ་ཧྲོ་ཕིན་གྱིས་མཉམ་འབྲེལ་གསར་འགྱུར་ཁང་ལ་བཤད་པ་ལྟར་ནཉེ་ཆར་སྤྱི་ཚེས་༡༧་ཉིན་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་དབྱང་ཧིན་ཅོན་གྱི་བཟའ་ཟླ་ལ་ཁྱོ་ག་དངོས་སུ་འཛིན་བཟུང་བྱས་པ་ཡིན་ཞེས་བརྡ་བརྒྱབ་འདུག ད་ལྟ་དབྱང་ཧིན་ཅོན་ལ་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་སྐྱེལ་མཁན་ཡིན་པའི་དོགས་པ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་ཉེས་ཁྲིམས་ནང་དུ་ཁྲིམས་འདིའི་ཁྱབ་རྒྱ་ཧ་ཅང་ཆེ འདི་ལ་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ཕྱི་ལ་སྤྲོད་མཁན་གྱི་གསང་ཉུལ་བའི་ཉེས་པ་སོགས་ཉེས་མིང་རིགས་མི་འདྲ་བ་༡༩ལྷག་འགེལ་འདུག་ཅེས་བཤད་དོ།།

XS
SM
MD
LG