ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་ཞིན་ཅང་སྲིད་ཇུས་ལ་སོ་ཌིའི་གཞུང་གིས་རྒྱབ་སྐྱོར།


༄༅།། རྒྱ་ནག་གཞུང་གིས་ཞིན་ཅང་ལ་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་དེ་རྣམས་ཡང་དག་པ་ཞིག་རེད་ཅེས་འཛམ་གླིང་གི་རྒྱལ་ཁབ་༣༦་གིས་ཐུན་མོང་སྤྱི་བསྒྲགས་ཤིག་ལ་མིང་རྟགས་བཀོད་ནས་རྒྱ་ནག་ལ་བརྒྱབ་སྐྱོར་བྱས་ཤིང་། ཐུན་མོང་གི་སྤྱི་བསྒྲགས་དེར་མིང་རྟགས་འགོད་མཁན་གྲས་སུ་ཁ་ཆེའི་བསྟན་པའི་འབྱུང་གནས་དང་ཁ་ཆེའི་བསྟན་པའི་སྦྱིན་བདག་ཏུ་གྲགས་པའི་སོ་ཌི་ཨ་རེ་བྷི་ཡ་ཚུད་འདུག

ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་༡་ལྷག་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པ་དང་ཡུ་གུར་བ་ཚོར་ཉིན་མཚན་དུས་དྲུག་ལ་པར་ཆས་བཙུགས་ལ་ལྟ་རྟོག་བྱེད་ཀྱི་ཡོད་པར་སྱོན་བརྗོད་དང་ཁ་རྡུང་དྲག་པོ་ཕོག དབྱིན་ཇི་དང་ཧྥ་རན་སི། འཇར་མན་ཎི་ཚུད་པའི་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་༡༨་དང་ཁེ་ན་ཌ། ཉི་ཧོང་དང་ཨོ་གླིང་རྒྱལ་ཁབནེའུ་ཛི་ལན་ཌི་བཅས་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་ཞིན་ཅང་གི་བཀག་ཉར་ཁང་རྣམས་སྒོ་རྒྱག་དགོས། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་གྱི་སྲིད་ཇུས་ཤིག་ལེག་ལེན་བསྟར་གྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་ཡོངས་གྲགས་ཀྱི་འབོད་སྐུལ་སྙན་ཞུ་ཞིག་ཕུལ་མོད། ོན་ཀྱང་འཛམ་གླིང་གི་ཁ་ཆེའི་ཡུལ་གྲུ་ཁག་གཙོ་བོར་གྱུར་པའི་རྒྱལ་ཁབ་མང་དག་ཅིག་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་འཛུགས་སྐྲུན་ཡར་རྒྱས། ཞིན་ཅང་གི་ཡུ་གུར་བ་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་བཞིན་འདུག་ཅེས་རྒྱ་གཞུང་གི་ལངས་ཕྱོགས་དང་ལྟ་བ་དེར་རྒྱབ་སྐྱོར་བྱས་འདུག

ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྐྱོན་བརྗོད་དེ་རྣམས་བཀག་འགོག་བྱེད་པར་རྒྱ་ནག་གི་རྒྱུད་སྐུལ་འོག་ཏུ་ཨུ་རུ་སུ་དང་སོ་ཌི་ཨ་རི་བྷི་ཡ། པ་ཀི་སི་ཐན་སོགས་རྒྱལ་ཁབ་༣༧་གྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ནི་ངོ་མཚར་ཆེ་བའི་ཡར་རྒྱས་སོང་འདུག་ཅེས་བསྔགས་བརྗོད་ཀྱི་ཡི་གེ་ཞིག་བཀྲམ་ནས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་བརྫིས་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རྣམསཁུངས་ལུང་མེད་པ་ཞིག་རེད་ཅེས་དགག་པ་བརྒྱབ། ཁ་སང་ཕྱི་ཟླ་༧་ཚེས་༡༨་ཉིན་རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་སོ་ཌི་ཨ་རེ་བྷི་ཡའི་རྒྱུན་བཞུགས་སྐུ་ཚབ་ལ་བཅར་འདྲི་ཞུས་ཏེ་རྒྱ་ནག་གིས་ཞིན་ཅང་ལ་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་དེར་སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་རྒྱབ་སྐྱོར་གྱི་མིང་རྟགས་བཀོད་པ་འོས་འཚམས་ཤིག་ཡིན་ནམ་ཞེས་དྲིས། སོ་ཌི་ཨ་རེ་བྷི་ཡའི་རྒྱུན་བཞུགས་སྐུ་ཚབ་ཀྱིས་ང་ཚོས་མིང་རྟགས་བཀོད་པའི་ཡི་གེ་དེར་རྒྱ་ནག་གི་འཕེལ་རྒྱས་འབའ་ཞིག་གླེང་སློང་བྱས་ཡོད་པ་ལས་གནད་དོན་གཞན་པ་ཅི་ཡང་བཀོད་མེད། འཛམ་གླིང་གི་ཁ་ཆེ་ཚོའི་བདེ་སྡུག་ལ་སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་སེམས་ཁུར་ལེན་གྱི་ཡོད་པ་དེ་འདྲ་ཞིག་གཞན་པ་སུ་གཅིག་གིས་ཀྱང་ལེན་གྱི་མི་འདུག ང་ཚོས་ཡི་གེ་དེར་ཅི་ཞིག་བཀོད་ཡོད་ཟེར་ན་རྒྱ་ནག་གིས་ཡར་རྒྱས་བཏང་ནས་དབུལ་ཕོངས་ཀྱི་དཀའ་སྡུག་སེལ་འདུག་པར་རྒྱབ་སྐྱོར་བྱས་ནས་གསལ་སྟོན་བྱས་པ་ཡིན་ཞེས་གསར་འགོད་པའི་དྲི་བ་དེར་ལན་འདེབས་དྲང་པོ་ཞིག་མ་བྱས་པར་གཡོལ་ཐབས་བྱས་པར་མ་ཟད། གཟའ་འཁོར་འདིརའཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་མཉམ་འབྲེལ་མཐུན་ཚོགས་ལ་ཚོགས་འཐུས་རྒྱལ་ཁབ་༥༧་ཡོད་པ་དེའི་ཁོངས་ནསཨལ་ཇཱི་རི་ཡ་དང་བྷ་རེན། ཨི་ཇེབ་དང་ཁུ་ཝེ་ཐེ། ཨོ་མན། པ་ཀི་སི་ཐན་དང་ཁ་ཊར། སོ་མ་ལི་ཡ་དང་སུ་དྷན། སི་རི་ཡ་དང་ཏ་ཇིཀ་སི་ཐན། ཏུར་ཀི་མ་ཎི་སི་ཐན་དང་ཨ་རབ་ཨི་མཱི་རེ་ཊི་མཉམ་འབྲེལ་རྒྱལ་ཁབསོ་ཌི་ཨ་རེ་བྷི་ཡབཅས་ཀྱིས་ཀྱངརྒྱ་ནག་གཞུང་གིས་ཞིན་ཅང་ལ་འཛིན་པའི་སྲིད་ཇུས་དེ་ཉིད་ཡང་དག་པ་ཞིག་རེད་ཅེས་རྒྱབ་སྐྱོར་བྱས་ནསཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཐེབས་ཀྱི་ཡོད་སྣང་མེད་བཏང་འདུག

རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་ཞིན་ཅང་གི་བཀག་ཉར་ཁང་ཟེར་པ་དེ་རྣམས་ལག་ཤེས་སློབ་སྦྱོང་དང་སྐད་ཡིག གློག་ཀླད་སོགས་ཀྱི་ཤེས་བྱ་གསར་པ་སློབ་ཁྲིད་བྱ་ཡུལ་ཡིན། རྒྱ་ནག་གཞུང་གིས་ལག་ཤེས་དང་སྐད་ཡིག་སློབ་གྲྭ་དེ་དག་གི་ནང་དུ་འཇིགས་སྐུལ་རིང་ལུགས་དང་མཐའ་ལྷུང་རིང་ལུགས། ཁ་བྲལ་རིང་ལུགས་བཅས་ཀྱི་ཤན་ཞུགས་ངན་པ་ཐེབས་པའི་ན་གཞོན་ཚོར་མདུན་ལམ་གསར་པ་ཞིག་སྐྲུན་གྱི་ཡོད་ཅེས་འགྲེལ་བཤད་བརྒྱབཔ་ཀི་སི་ཐན་དང་ཀུ་པ། ཨུ་རུ་སུ་དང་སོ་ཌི་ཨ་རེ་བྷི་ཡ་ལྟ་བུའི་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམས་ཞིན་ཅང་ལ་གདན་འདྲེན་ཞུས་ནས་བཀག་ཉར་ཁང་དེ་རྣམས་སྟོན་གྱི་ཡོད་པས་ཁོ་ཚོས་མཉམའབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐོག་ཏུ་ཞིན་ཅང་གི་གནས་སྟངས་ཡག་པོ་འདུག རྒྱ་ནག་གཞུང་གིས་ཞིན་ཅང་ལ་འཛུགས་སྐྲུན་བྱས་ནས་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་བྱུང་འདུག་ཅེས་རྒྱ་ནག་གི་དྲིལ་བསྒྲགས་རྣམས་བསྐྱར་ཟློས་བྱེད་ཀྱི་ཡོད་ཅིང་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ལ་ཕུལ་བའི་ཡི་གེ་དེར་ཞིན་ཅང་གི་བདེ་འཇགས་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ་ཡོད། ཞིན་ཅང་ལ་འཇིགས་སྐུལ་རིང་ལུགས་དང་མཐའ་ལྷུང་རིང་ལུགས་ཀྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པས་རྒྱ་ནག་གཞུང་གིས་དེ་ལ་གདོང་ལེན་བྱེད་པར་ལག་ཤེས་སློབ་གྲྭ་འཛུགས་རྒྱུ་ཚུད་པའི་སྲིད་ཇུས་རིམ་པ་ཞིག་ལག་ལེན་བསྟར་ཡོད་ཅེས་བཀོད།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་འགན་འཛིན་གྱིས་སོ་ཌི་ཨ་རེ་བྷི་ཡའི་རྒྱུན་བཞུགསསྐུ་ཚབ་མཱོ་ཝ་ལི་མཱིའི་འགྲེལ་བཤད་དེས་རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པར་སྣང་མེད་བཏང་བཞིག་དང་ལྷག་པར་དུ་འཛམ་གླིང་གི་ཁ་ཆེ་ཡོད་དོ་ཅོག་ལ་ཁྱད་གསོད་བྱས་པ་ཞིག་མཚོན་ཐུབ། ཁོང་གིས་དོན་དངོས་ལ་བསྙོན་འཛུགས་བྱས་ནས་སྐད་ཆ་བཤད་ཀྱིན་འདུག་ཅེས་སྐྱོན་བརྗོད་བྱས་འདུག ཟླ་སྟོད་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་ནང་ཁུལ་གྱི་ཚོགས་འདུ་ཞིག་གི་ཐོག་ཏུ་ཨ་མི་རི་ཀ་དང་འཇར་མན་ཎི་གཉིས་ཀྱིས་རྒྱ་ནག་ལ་ཞིན་ཅང་གི་བཀག་ཉར་ཁང་རྣམས་སྒོ་རྒྱག་དགོས་ཞེས་ངོ་རྒོལ་བྱས་པས་རྒྱ་ནག་གི་སྐུ་ཚབ་ཀྱིས་ཨ་མི་རི་ཀ་དང་འཇར་མན་ཎི་གཉིས་ལ་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཆོག་པའི་དབང་ཚད་མེད་ཅེས་དགག་པ་བརྒྱབཟླ་བ་སྔོན་མར་ཨ་མི་རི་ཀ་དང་དབྱིན་ཇི། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་འཇིགས་སྐུལ་རིང་ལུགས་ལ་ལན་ཁག་དཀྲིས་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱས་ཀྱང་འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་ཁག་དང་ཁ་ཆེའི་རྒྱལ་ཁབ་ཀྱི་སྒྲིག་འཛུགས། ཁ་ཆེའི་བསྟན་སྲུང་བ་དང་ཁ་ཆེའི་ཕུ་ནུ་ཚོགས་པ། ཁ་ཆེའི་བསྟན་པའི་སྦྱིན་བདག་ཅེས་མིང་གྲགས་ཆེན་པོ་འཛིན་པའི་རྒྱལ་ཁབ་ཁག་དང་སྤྱི་སྒེར་གཉིས་ཀས་ཞིན་ཅང་གི་ཡུ་གུར་བའི་བདེ་སྡུག་ལ་གླེང་སློང་ཚིག་གཅིག་བྱེད་ཕོད་ཀྱི་མེད་པ་རེད།

XS
SM
MD
LG