སྲིད་འཛིན་ཌོ་ནལ་ཊམ་ལ་ཡུ་གུར་བའི་གནས་སྟངས་ཞུ་གཏུགས།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་གཟའ་ལྷག་པའི་ཕྱི་དྲོར་ཕོ་བྲང་དཀར་པོར་རྒྱལ་ཁབ་༡༧་གྱི་ནང་དུ་ཆོས་ལུགས་དད་མོས་ལ་དྲག་གནོན་ཕོག་ནས་དཀའ་སྡུག་མྱངས་པའི་མི་༢༧་ལ་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་རྒྱ་ནག་གཞུང་གི་དྲག་གནོན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་བོད་པ་དང་ཡུ་གུར་བ། ཧྥ་ལུན་གུང་རྩ་རླུང་སྒོམ་སྒྲུབ་པ་དང་ཡེ་ཤུའི་ཆོས་དད་པ་སོགས་ཀྱི་སྐུ་ཚབ་རྣམས་འདུས་འདུག རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ཡུ་གུར་མི་རིགས་ཀྱི་དགེ་རྒན་ཆེན་མོ་ཨིལ་ཧམ་ཐུ་ཏིའི་བུ་མོས་ཡུ་གུར་བ་ས་ཡ་གཅིག་ཙམ་རྒྱ་ནག་གཞུང་གིས་བཀག་ཉར་བྱེད་བཞིན་པའི་གནས་སྟངས་སྙན་སེང་ཞུས་ཡོད་པར་མ་ཟད། ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ནན་སི་ཕེ་ལོ་སི་ཡིས་ཀྱང་ཞིན་ཅང་གི་འགོ་ཁྲིད་ཁྲེན་ཆོན་གོ་ལ་ཉེས་ཆད་འགེལ་དགོས་ཞེས་བསྐྱར་བརྗོད་གནང་བ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
ལེ་ཚན།
-
སྤྱི་ཟླ་གཉིས་པ། ༡༡།༢༠༢༥བལ་ཡུལ་དུ་སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་ཆེད་མཆོད་འབུལ་སྨོན་ལམ།
-
སྤྱི་ཟླ་གཉིས་པ། ༠༦།༢༠༢༥བཀྲས་མཐོང་དབང་བོ་ལགས།
-
སྤྱི་ཟླ་གཉིས་པ། ༠༦།༢༠༢༥གཡུང་དྲུང་བོན་གྱི་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་བརྒྱ་སྟོན།
-
སྤྱི་ཟླ་དང་པོ། ༢༥།༢༠༢༥བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་་གི་་འགོ་ཁྲིད་ལ་འཕོ་འགྱུར་བཏང་བར་དཔྱད་ཞིབ།
-
སྤྱི་ཟླ་དང་པོ། ༡༥།༢༠༢༥སྙེ་མོའི་ཨ་ནེ་དང་གྱེན་ལངས་ལས་འགུལ།