ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་མ་ལྷ་མོས་ཨ་རིའི་སྲིད་འཛིན་ལ་བོད་དོན་ཞུ་གཏུགས།


Nyima Lhamo meet President Trump

སྤྱི་ལོ་༢༠༡ར་ལོར་རྒྱ་ནག་གི་བཙོན་འཇུག་མནར་གཅོད་མྱངས་ཏེ་བཙོན་ཁང་དུ་འདས་གྲོངས་སུ་ཕྱིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་དེ་ཉིད་ཀྱི་ཚ་མོ་ཉི་མ་ལྷ་མོ་ཕྱི་ཚེས་༡༦་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་འཚོགས་བཞིན་ཡོད་པའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་ཆེན་ཐེངས་གཉིས་པར་མཉམ་ཞུགས་བྱས་ཡོད་ཅིང་།

སྤྱི་ལོ་༢༠༡ར་ལོར་རྒྱ་ནག་གི་བཙོན་འཇུག་མནར་གཅོད་མྱངས་ཏེ་བཙོན་ཁང་དུ་འདས་གྲོངས་སུ་ཕྱིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་དེ་ཉིད་ཀྱི་ཚ་མོ་ཉི་མ་ལྷ་མོ་ཕྱི་ཚེས་༡༦་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་འཚོགས་བཞིན་ཡོད་པའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་ཆེན་ཐེངས་གཉིས་པར་མཉམ་ཞུགས་བྱས་ཡོད་ཅིང་། སྤྱི་ཚེས་༡༧་གྱི་ཕྱི་དྲོར་ཉི་མ་ལྷ་མོ་འཛམ་གླིང་རྒྱལ་ཁབ་༡༧་ནས་འདུས་པའི་ཆོས་ལུགས་དད་མོས་རང་དབང་མ་ཐོབ་པར་མནར་གཅོད་ཕོག་མཁན་གྱི་མི་སྣ་༢༧་གྱི་གྲས་སུ་ཨ་རིའི་ཕོ་བྲང་དཀར་པོའི་སྲིད་འཛིན་ལས་ཁུངས་སུ་བཅར་ནས་སྲིད་འཛིན་ཌོ་ནལ་ཊམ་ལ་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་བྱུང་བར་མ་ཟད། ཁོ་མོས་ཨ་རིའི་སྲིད་འཛིན་ལ་ཐད་ཀར་དུ་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་དུ་ཕེབས་ཐུབ་རྒྱུ་དེར་ཨ་རིའི་གཞུང་གིས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


དེ་རིང་ཨ་རིའི་སྲིད་འཛིན་དང་མཇལ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་བོ་བྱུང་། བོད་ནང་གི་བོད་མི་ཚོར་ཨ་རིའི་རྒྱབ་སྐྱོར་ཧ་ཅང་མཁོ་བས་ཨ་རིའི་སྲིད་འཛིན་གྱིས་ང་ཚོར་རྒྱབ་སྐྱོར་གནང་རོགས་ཞེས་ཞུས་པ་ཡིན། ཨ་རིའི་སྲིད་འཛིན་གྱིས་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་ལན་འདེབས་གནང་སོང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་དུ་ཕེབས་ཐུབ་རྒྱུར་ཨ་རིའི་གཞུང་གིས་རྒྱབ་སྐྱོར་གནང་རྒྱུ་དང་། ང་ཚོ་བོད་ཀྱི་གནས་ཚུལ་འདི་རྣམས་ཨ་རིའི་སྲིད་འཛིན་ལ་ཞུ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན་ཞེས་འདི་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་སུ་བརྗོད་བྱུང་།

ཐེངས་འདིའི་ཚོགས་ཆེན་ནི་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བཀོད་སྒྲིག་བྱས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཐད་ཀྱི་ཚོགས་ཆེན་ཐེངས་གཉིས་པ་ཡིན་ཞིང་། ཐེངས་འདིའི་ཚོགས་ཞུགས་པའི་གྲས་སུ་འཛམ་གླིང་རྒྱལ་ཁབ་༡༧་ནས་ཕེབས་པའི་དམིགས་བསལ་མི་སྣ་༢༧་ཡོད་པ་དེ་དག་ལ་ཨ་རིའི་རྒྱལ་སྤྱིའི་རང་དབང་གི་སྐུ་ཚབ་སེམ་བྷི་རོང་བྷད་ཀེས་སྣེ་ཁྲིད་འོག་ཏུ་ཐད་ཀར་ཨ་རིའི་ཕོ་བྲང་དཀར་པོར་སྲིད་འཛིན་ལ་ཐུག་འཕྲད་བྱེད་དུ་བཅུག ཁོ་ཚོའི་གྲས་སུ་རྒྱ་ནག་དང་ཏུར་ཀི། བྱང་ཀོ་རི་ཡ། ཨི་རན། འབར་མ་བཅས་སུ་ཆོས་དད་རང་དབང་གི་མནར་གཅོད་མྱངས་དང་མྱོང་མཁན་གྱི་མི་ཡོད་པ་དང་། རྒྱ་ནག་གིས་ཆོས་དད་རང་དབང་གི་མནར་གཅོད་ཐེབས་པའི་གྲས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་དེ་ཉིད་ཀྱི་ཚ་མོ་ཉི་མ་ལྷ་མོ་དང་རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་བཙོན་འཇུག་ཁྲིམས་ཐད་བཅད་ཡོད་པའི་ཡུ་གུར་བའི་དགེ་རྒན་ཆེན་མོ་ཨིལ་ཧམ་དྷོ་དྷིའི་བུ་མོ། ཧྥ་ལུང་གུང་རྩ་རླུང་སྒོམ་སྒྲུབ་པའི་ཚོགས་མི་ཀྲང་ཡུས་ཧྭ་བཅས་མཉམ་ཞུགས་བྱས་འདུག ཕྱི་ཚེས་༡༨་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་ཆེན་མཇུག་བསྒྲིལ་གྱི་ཡོད་པ་རེད།།

XS
SM
MD
LG