ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གཞུང་གིས་རྒྱ་བོད་མི་རིགས་གཉེན་སྒྲིག་ལ་སྐུལ་སློང་།


ཉེ་ཆར་རྒྱ་ནག་གཞུང་གིས་རྒྱ་གར་གྱི་གསར་འགོད་པའི་ཚོགས་པ་ཞིག་བོད་རང་སྐྱོང་ལྗོངས་སུ་གདན་འདྲེན་ཞུས་ཡོད་པ་དེའི་ཁོངས་ཀྱི་གསར་འགོད་པ་ཁག་ཅིག་གིས་རྒྱ་ནག་གཞུང་གིས་རྒྱ་མི་རིགས་དང་བོད་པ་གཉིས་གཉེན་སྒྲིག་བྱ་རྒྱུ་དེར་སྐུལ་སློང་བྱེད་བཞིན་ཡོད་ཅིང་། མི་རིགས་གཉིས་ཀྱི་གཉེན་སྒྲིག་དེ་རྒྱ་ནག་གི་མི་རིགས་གཅིག་འགྱུར་ཡོང་ཐབས་ཀྱི་ལག་ཆ་ལྟ་བུ་ཞིག་ལ་བཀོལ་སྤྱོད་བཏང་ནས་བསྔགས་བརྗོད་དང་བྱ་དགའ་སྤྲོད་པ་སོགས་བྱེད་ཀྱིན་འདུག་ཅེས་གནས་ཚུལ་སྤེལ་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་གནས་ཚུལ་ཐོན་པ་རྣམས་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG