བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་རིགས་ལམ་སློབ་གཉེར་ཁང་ཐུན་མོང་གིས་ཕྱི་ཟླ་༧་པའི་ཚེས་༡༥་ནས་ཚེས་༣༡་བར་དུ་རྣམ་འགྲེལ་དབྱར་ཆོས་ཀྱི་ཆོས་རྭ་ཐོག་མ་དེ་འགོ་ཚུགས་ཡོད་ཅིང་། རྣམ་འགྲེལ་དབྱར་ཆོས་ཀྱི་དམིགས་ཡུལ་སོགས་ལ་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་རྣམ་གྲྭའི་སློབ་གཉེར་ཁང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།