ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མོ་ཚོར་ཕྲུ་གུ་ལྟ་སྐྱོང་གི་ལས་ཀ་འཚོལ་བ།


༄༅།།འཆི་མེད་གཡུ་སྒྲོན་ལགས་ནི་ཐོག་མར་ཨ་རིར་འབྱོར་སྐབས་ལས་ཀ་མ་རག་པའི་དཀའ་ངལ་ཆེན་པོ་འཕྲད་མྱོང་ཡོད་ཅིང་། ཕྱིས་སུ་ཕྲུ་གུར་ལྟ་སྐྱོང་གི་ལས་ཀ་ཐོབ་སྟེ་བོད་པའི་བུད་མེད་གཞན་པ་ལས་ཀ་མ་རག་པར་ལུས་ཡོད་པ་དེ་དག་གི་དཀའ་ངལ་སེལ་ཐབས་སུ་ཕྲུ་གུ་ལྟ་སྐྱོང་བ་དགོས་མཁན་དང་ཕྲུ་གུར་ལྟ་སྐྱོང་བྱེད་མཁན་བར་གྱི་བོད་པའི་མ་མ་ཞེས་པའི་འབྲེལ་མཐུད་ཚོགས་པ་ཞིག་བཙུགས་ཏེ་ད་ལྟའི་བར་དུ་བོད་ཀྱི་བུད་མེད་༣༠༠་ལྷག་ལ་ལས་ཀ་བཙལ་ཡོད་པ་རེད།

འཆི་མེད་གཡུ་སྒྲོན་ལགས་ཀྱིས་བརྗོད་ན་རང་གིས་བོད་པའི་བུད་མེད་ཚོར་རིན་པ་མེད་པར་ཕྲུ་གུར་ལྟ་སྐྱོང་གི་ལས་ཀ་འཚོལ་བ་ནི་ཕྱོགས་གཅིག་ནས་བོད་པའི་བུད་མེད་ཚོར་ལས་ཀ་མ་རག་པའི་དཀའ་ངལ་ཡོད་པ་སེལ་རྒྱུ་དང་། ཕྱོགས་གཞན་ནས་བོད་ཀྱི་ནང་པའི་རིག་གཞུང་གི་སེམས་ཁམས་དང་བཟང་སྤྱོད་ཅན་གྱི་བོད་པའི་བུད་མེད་གང་མང་གིས་ཕྲུ་གུ་མང་པོར་ལྟ་སྐྱོང་བྱེད་པ་ཡིན་ན་འཛམ་གླིང་ཞི་བདེ་དང་ཡ་རབས་སྤྱོད་བཟང་དར་སྤེལ་གཏོང་ཐུབ་པ་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ཐེངས་འདིའི་བུད་མེད་ལེ་ཚན་དུ་ཚེ་རིང་སྐྱིད་ཀྱིས་འཆི་མེད་གཡུ་སྒྲོན་ལགས་ལ་བཅར་འདྲི་ཞུས་ཡོད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG