ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་གི་འཐབ་རྩོད་དྲག་ཟིང་ལ་འགྱུར་ཉེན།


༄༅།། གཟའ་ཉི་མའི་ཉིན་མོར་ཧོང་ཀོང་ལ་སླར་ཡང་མི་སྟོང་ཕྲག་མ་པོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་ཅིང་། ད་རེས་ཀྱི་ངོ་རྒོལ་བྱ་ཡུལ་ནི་རྒྱ་ནག་སྐམ་ས་དང་ས་བྲེལ་དུ་ཁེལ་ཡུལཞིག་ཡིན་པ་དང་ངོ་རྒོལ་དེའི་དམིགས་ཡུལ་གཙོ་བོ་ནི་ས་ཁུལ་དེ་རྒྱ་ནག་ནས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་གི་ཡོད་ས་ཞིག་ཡིན་པས་ཧོང་ཀོང་མི་དམངས་ཀྱི་ཞི་རྒོལ་ལ་རྒྱ་ནག་སྐམ་ས་ཆེན་མོར་རྒྱབ་སྐྱོར་ཐོབ་ཐབས་སུ་དམིགས་པ་ཞིག་ཡིན་པར་མ་ཟད། ཧོང་ཀོང་གཞུང་གིས་ངོ་རྒོལ་བྱེད་མཁན་ཚོའི་དགོས་འདུན་ལ་བདག་སྤྲོད་མ་བྱས་པར་མུ་མཐུད་དེ་སྣང་མེད་དུ་བཞག་ནངོ་རྒོལ་བྱེད་མཁན་རྣམས་འུ་ཐུག་ནས་ཞི་རྒོལ་འདི་དྲག་ཟིང་གི་ངོ་བོ་འགྱུར་སྲིད་ཅེས་མི་མང་པོ་ཞིག་ལ་བློ་འཚབ་ཡོང་གི་ཡོད་པའི་སྐོརགསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG