ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཨ་རན་གྱིས་རྡུལ་ཕྲན་རྫས་རྒྱུ་བཙོ་སྦྱང་བྱ་རྒྱུའི་ཉེན་བརྡ།


ཨི་རན་གྱི་སྲིད་འཛིན་ཧ་སན་རོ་ཧ་ཎིས་གཟའ་ལྷག་པའི་ཉིན་མོར་ཡུ་རོབ་ཀྱི་མནའ་མཐུན་རྒྱལ་ཁབ་ཁག་ལ་ཨི་རན་གྱིས་རྡུལ་ཕྲན་ནུས་པའི་རྫས་རྒྱུ་བཙོ་སྦྱང་བྱ་རྒྱུའི་ཚད་གཞི་དེ་ཉིད་རང་གི་འདོད་མོས་ལྟར་བྱ་རྒྱུ་ཡིན་པར་མ་ཟད། གཟའ་ཉི་མ་ནས་འགོ་འཛུགས་བྱ་རྒྱུ་ཡིན་ཞེས་བརྡ་ལན་བཏང་ཡོད་པ་རེད། འདི་ནི་ཨིན་རན་གཞུང་གིས་རང་གི་རྡུལ་ཕྲན་ལས་གཞིའི་ཐད་དུ་ཨ་མི་རི་ཀར་རྙོག་གླེང་དང་ཨི་རན་ལ་དཔལ་འབྱོར་ཉེས་ཆད་འགེལ་ཤུགས་ཆེ་རུ་བཏང་བའི་དཀའ་ངལ་དེ་དག་སེལ་ཐབས་སུ་ཡུ་རོབ་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲད་པ་ཞིག་ཡིན་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པའི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG