ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༡/༡༧

རྒྱ་ནག་དང་དབྱིན་གཞུང་། རྒྱ་ནག་གི་ངོ་རྒོལ་བ།


༄༅།། ཕྱི་ལོ་༢༠༡༥་ལོར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྒྱལ་དོན་འཚམས་འདྲིར་བསྐྱོད་པའི་སྐབས་སུ་དབྱིན་ཡུལ་དུ་གནས་སྡོད་བྱེད་མཁན་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་པ་སྟེ། ༡༩༨༩་ལོར་ལངས་པའི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་མྱོང་ཡོད་མཁན་དང་། དེང་སྐབས་དབྱིན་ཡུལ་དུ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུས་ནས་སྡོད་མཁན་ཧྲའོ་ཅང་གིས་ཞིས་ཅིན་ཕིང་ལ་ངོ་རྒོལ་བྱ་ཐབས་བྱས་པའི་སྐབས་སུ་རྒྱལ་ས་ལོན་ཌོན་གྱི་ཉེན་རྟོག་པ་ཚོས་འཛིན་བཟུང་བྱས་ཡོད་པ་ནི་རྒྱ་ནག་གཞུང་གིས་དབྱིན་ཡུལ་གཞུང་ལ་གནོན་ཤུགས་སྤྲད་པའི་རྟགས་མཚན་ཞིག་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གནས་ཚུལ་སྤེལ་བ་ཞིག་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG