ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བྷོ་དྷི་ཚོགས་པར་གསུང་འཕྲིན།


སྤྱི་ལོ་༡༩༨༩་ལོར་ཨོ་གླིང་བ་ཁྱོ་ཤུག་ཟུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དྲུང་ནས་དུས་འཁོར་དབང་ཆེན་ཞུས་པའི་རྗེས་སུ་གཞན་ཕན་གྱི་བསམ་བློ་ལག་ལེན་བསྟར་པར་བྷོ་དྷི་ཚོགས་པའམ། ཡང་ན་བྱང་ཆུབ་ཚོགས་པ་ཞེས་པ་ཞིག་གསར་དུ་བཙུགས་ནས་ཤེས་ཡོན་སློབ་སྦྱོང་དང་འཕྲོད་བསྟེན་ལྟ་སྐྱོང་སོགས་ཀྱི་སྲི་ཞུ་སྒྲུབ་བཞིན་ཡོད་ཅིང་། ད་ལོ་ཚོགས་པ་དེ་བཙུགས་ནས་ལོ་༣༠་འཁོར་བའི་དུས་དྲན་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་མཆོག་གིས་གསུང་འཕྲིན་ཞིག་བསྩལ་ཡོད་པ་ཨོ་གླིང་དུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་ཁོ་ལགས་ཀྱིས་སྒྲོགས་སྦྱང་ཞུས་འདུག་པའི་སྐོར། ཚེ་རིང་སྐྱིད་ཀྱིས་དོན་གཅོད་ལྷག་པ་མཚོ་ཁོ་ལགས་སུ་བཀའ་འདྲི་ཞུས་ཡོད་པ་ཞིག་ལ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG