ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ཀྱི་དེང་རབས་ལོ་རྒྱུས་སུ་བྱུང་བའི་བཙན་རྒོལ།


འདི་ལོ་ནི་བོད་ཀྱི་ས་ཤོར་ནས་བོད་པ་མང་པོ་ཞིག་རྒྱ་གར་སོགས་ལ་བཙན་བྱོལ་དུ་སླེབས་ནས་མི་ལོ་ཧྲིལ་པོ་༦༠་འཁོར་བའི་དུས་སྐབས་ཤིག་ཡིན། བོད་ཀྱི་དེང་དུས་ཀྱི་ལོ་རྒྱུས་ཀྱི་ཆ་ཤས་གཅིག་ནི་བོད་པ་ཚོས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་དྲག་པོའི་འཐབ་རྒོལ་བྱས་པའི་ལོ་རྒྱུས་དེ་ཡིན་ཞིང་། རྒྱ་ནག་གི་བཙན་འཛུལ་ལ་འཐབ་རྒོལ་བྱེད་མཁན་སྒྲིག་འཛུགས་ཆེ་ཤོས་ནི་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ཡིན་པར་མ་ཟད། ད་ལོ་ཚོགས་པ་དེ་རྩ་འཛུགས་བྱས་ནས་ལོ་༦༡་འཁོར་བའི་དུས་དྲན་དེ་བདུན་ཕྲག་སྔོན་མར་རྒྱ་གར་དང་ཨ་རི་སོགས་རང་དབང་རྒྱལ་ཁབ་ཁག་ཏུ་སྲུང་བརྩི་ཞུས་འདུག ཐེངས་འདིའི་གངས་རིའི་བྲག་ཅའི་ལེ་ཚན་ནང་དུ་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ལོ་རྒྱུས་ཀྱི་ཆ་ཤས་དེའི་ཚན་པ་ཞིག་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG